| | e-texts navigator
|
184a1 སངས་རྒྱས་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ཉན་པར་འདོད་དམ་བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག
184a2 ཏུ་འཚལ་ལགས་སོ།། གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིན་ལ་ཟུང་ཞིག་དང་ངས་བཤད་དོ།། གནས་འཇོག་གི་རྒྱུད་དག་འཛམ་བུ་གླིང་པའི་སེམས་ཅན་རྣམས
184a3 ཀྱི་བསོད་ནམས་གང་ཡིན་པ་དེ། གླིང་གཅིག་གི་བདག་པོ་འཁོར་ལོ་སྒྱུར་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་བརྒྱ
184a4 སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་གླེང་གཉིས་ཀྱི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན
184a5 བདེ་གླིང་གཉིས་ཀྱི་བདག་པོ་འཁོར་ལོ་སྒྱུར་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་། གྲང
184a6 དང་ཆ་དང་། བཟང་དང་། དཔེ་དང་། རྒྱུར་ཡང་ཉེ་བར་མི་འགྲོའོ།། གནས་འཇོག་གི་རྒྱུད་དག་གླིང་གསུམ་གྱི་སེམས་ཅན་རྣམས་ཀྱི་བསོད་ནམས་གང་ཡིན་པ་དེ། གླིང་གསུམ་གྱི
184a7 བདག་པོ་འཁོར་ལོ་སྦྱོར་བའི་བསོད་ནམས་དག་ཏུ་ངེས་པར་བརྟག་པར་བྱས་ཀྱང་། བརྒྱའི་ཆར་ཡང་འི་བར་མི་འགྲོའོ།། སྟོང་གི་ཆ་དང་། བརྒྱ་སྟོང་གི་ན་དང་། གྲངས་དང་། ཆ་དང་། བགྲང་བ།
iiif viewer powered by OpenSeadragon
183b - 184b