e-texts navigator
Collection
Volume
Page
Wylie

183b1 ངད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་མཉམ་པ། ཡོན་ཏན་མཚུངས་པ་མཉམ་པ།།
183b2 བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་ཀྱིས་མཉམ་པ་དག་ནི་མ་ཡིན་ནོ།། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེས།
183b3 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ནི་ཡབ་ཡུམ་དག་ལས་བྱུང་བའི་སྟོབས་དེ་ལྟ་བུ་དང་ལྡན་པ་དག་ནི་ཡིན་ཞིང་། གང་དག་འདས་པ་དག་དང་། གང་དག་མ་བྱོན་པ་དག་དང
183b4 གང་ཡང་ད་ལྟར་བྱུང་བའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཉམ་པ་དང་མཉམ་སྟེ། མཚན་མཉམ་པ། ཡོན་ཏན་མཚུད་པ་མཉམ་པ
183b5 བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མཉམ་པ་དག་ཡིན་གྱི། རྒྱུ་གསུམ་པོ་རིགས་དང་། སྐུ་ཚེ་དང་། སྐུ་ལུས་མཉམ་པ་དག་ནི་མ་ཡིན་ནོ།། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས
183b6 པདགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ནི་བདག་ཅག་གིས་ཐོས་ལགས་ན། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས
183b7 པའི་སངས་རྒྱས་དག་བསོད་ནམས་ཀྱི་སྟོབས་ཇི་ལྟ་བུ་དང་ལྡན་པ་དག་ལགས། གནས་འཇོག་གི་རྒྱུད་དག་དེ་བཞིན་གཤེགས་པ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ།




iiif viewer powered by OpenSeadragon

183a - 184a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo