e-texts navigator
Collection
Volume
Page
Wylie

183a1 གླང་པོ་ཆེ་གཅིག་གི་སྟོབས་སོ།། གངས་ཁྲོད་དུ་སྐྱེས་པའི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ཆེན་པོ་ཆེ་དང་ལྡན་པ་བལ་གྲང་སྤོས་ཀྱི་གླང་པོ་ཆེ་གཅིག་གི་སྟོབས་སོ།།
183a2 ཆེན་པོ་ཆེ་དང་ལྡན་པ་བལ་གླང་སྤོས་ཀྱི་གླང་པོ་ཆེ་བཅུའི་སྟོབས་གང་ཡིན་པ་དེ་ཆེན་པོ་ཆེ་དང་ལྡན་པ་ཕྱེད་པོ་གཅིག་གི་སྤོབས་སོ།། ཚན་པོ་ཆེ་དང་ལྡན་པ་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པདེ་ཆེན་པོ་ཆེ་དང
183a3 ལྡན་པ་གཅིག་གི་སྟོབས་སོ།། ཆེན་པོ་ཆེ་དང་ལྡན་པ་བཅུའི་སྟོབས་གང་ཡིན་པ་དེ་རབ་གནོན་ཕྱེད་པོ་གཅིག་གི་སྟོབས་སོ།། རབ་གནོན་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ་རབ་གནོན་གཅིག་གི་སྟོབ
183a4 སོ། རབ་གནོན་བཅུའི་སྟོབས་གང་ཡིན་པ་དེ་སྟོབས་མཆོག་གི་སྟོབས་གཅིག་གོ།། སྟོབས་མཆོག་གི་སྟོབས་བཅུ་གང་ཡིན་པ་དེ་ཡན་ལག་མཆོག་གི་སྟོབས་གཅིག་གོ།། ཡན་ལག་མཆོག་གི་སྟོབས་བཅུ
183a5 གང་ཡིན་པ་དེ་ཟེད་མེད་ཀྱི་བུ་ཕྱེད་ཀྱི་སྟོབས་གཅིག་གོ།། སྲེད་མེད་ཀྱི་བུ་ཕྱེད་པོ་གཉིས་ཀྱི་སྟོབས་གང་ཡིན་པ་དེ་སྲེད་མེད་ཀྱི་བུའི་སྟོབས་གཅིག་གོ།། སྲེད་མེད་ཀྱི་བུའི་སྟོབས་སུམ་བརྒྱ་ཉི་ཤུ་གང་ཡིན་པར།
183a6 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཅིག་གི་ཡབ་ཡུམ་ལས་བྱུང་བའི་སྟོབས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོས
183a7 པའི་སངས་རྒྱས་རྣམས་ནི། སྐུའི་གདན་གྱི་གནས་རེ་རེ་ལ་ཡང་སྲེད་མེང་བུའི་སྟོབས་འཆང་བར་མཛད་པའི་ཕྱིར་རོ།། གང་དག་འདས་པ་དག་དང་། གང་དག་མབྱོན་པ་དག་དང་། གང




iiif viewer powered by OpenSeadragon

182b - 183b

Texts on this page

Ty054-012 - 'phags pa rdo 'phangs pa'i mdo