| | e-texts navigator
|
182a1 པ་འདི་ནི་དེ་བཞིན་གཤེགས་པའི་ཡབ་བུ་མ་ལས་བྱུང་བའི་སྟོབས་སོ།། གནས་འཇོག་གི་རླུད་དག་གང་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། ཆོས་ཐམས་ཅད་ནི་བདག།
182a2 མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་རྡོ་ཆེན་པོ་ཡངས་པའི་སྒྲ་མཛད་པ་འདི་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་སྟོབས་སོ།། གནས་འཇོག་གི་རྒྱུད་དག་གང་དེ་བཞིན་གཤེགས
182a3 པས་རྡོ་ཆེན་པོ་ཡངས་པ་དེ་ཞལ་གྱི་དབུགས་ཀྱིས་ཕྱེ་མར་མཛད་ནས། ཕྱེ་མ་རྡུལ་ཕྲ་རབ་ཙམ་དེ་གོད་པ་མེད་ཅིང་མ་ཚང་བ་མེད་པར་གཅིག་ཏུ་བསྡུས་ཏེ། བསྡོམས་ནས་རྡོ་ཆེན་པོ་ཡངས་པ་དེ
182a4 འདྲ་བ་ཁོ་ནར་མཇེད་དེ། དབེན་པར་ཕྱོགས་གཅིག་ཏུ་གནས་པར་མཛད་པ་འདི་ནི་དེ་བཞིན་གཤེགས་པའི་བསྒོམ་པའི་སྟོབས་སོ།། བཙུན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར
182a5 རྫོགས་པའི་སངས་རྒྱས་དག་ཡབ་ཡུམ་ལས་བྱུང་བའི་སྟོབས་ཇི་ལྟ་བུ་དང་ལྡན་པ་ལགས། གནས་འཇོག་གི་རྒྱུད་དག་ཁྱེད་དེ་བཞིན་གཤེགས་པ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
182a6 པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཉན་པར་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ
182a7 འཚལ་ལགས་སོ།། གནས་འཇོག་གི་རྒྱུད་དག་དེའི་ཕྱིར་ཁྱེད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་བཤད་དོ།། གནས་འཇོག་གི་རྒྱུད་དག་མི་བཅུའི་སྟོབས་གང་ཡིན་པ་དེ་བ
iiif viewer powered by OpenSeadragon
181b - 182b