e-texts navigator
Collection
Volume
Page
Wylie

181b1 དང་ཕྱོགས་མཚམས་དག་ཏུ་རྡུལ་ཕྲ་རབ་ཏུ་ཕྱེ་མའི་ཆར་མངོན་དུ་འབབ་པར་རྩོམ་པ་མཛད་དོ།། དེ་ནས་གྱད་ཀྱི་ཚོགས་དེ་ནི་རྡོ་ཆེན་པོ་ཡངས་པ་དེ་མེད་པར་གྱུར་པས། མཆོག་ཏུ་ཡིད་མི་བདེ།
181b2 བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱིས་གྱད་ཀྱི་ཚོགས་དེའི་སེམས་ཀུན་མཁྱེན་ཏེ། རྡོ་ཆེན་པོ་ཡངས་པ་མེད་པས་མཆོག་ཏུ་ཡིད་མི་བར་ཐུགས་སུ་ཆུད་ནས། ཕྱི་ནས་ཀྱང
181b3 རྡོའི་ཕྱེ་མ་རྡུལ་ཕྲ་རབ་ཙམ་དེ་མ་ཚང་བ་མེད་ཅིང་ཚང་བར་གཅིག་ཏུ་བསྡུས་ཏེ་བསྡོམས་ནས། རྡོ་ཆེན་པོ་ཡངས་པ་དེ་འདྲ་བ་པོ་ནར་མཛད་དོ།། རྣམ་པར་དབེན་པར་ཕྱོགས་ཅིག་ཤོས་སུ
181b4 གནས་པར་མཛད་དོ།། དེ་ནས་ཀྱང་ལྔ་བརྒྱ་ཙམ་པོ་དེ་དག་བཅོམ་ལྡན་འདས་དེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཆེན་པོས་འདུན་པར་མཛད་དེ། དགའ་མགུ་རངས་ཤིང་དགའ་བ་དང་ཡིད།
181b5 བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ཙེ་ལགས། དེ་དེ་བཞིན་གཤེགས་པའི་ཡབ་ཡུམ་ལས་བྱུང་བའི་སྟོབས་ལགས་སམ། འོན་ཏེ་རྫུ
181b6 འཕྲུལ་གྱི་སྟོབས་ལགས་སམ། འོན་ཏེ་བསྒོམ་པའི་སྟོབས་ལགས། གནས་འཇོག་གི་རྒྱུད་དག་གང་དེ་བཞིན་གཤེགས་པས་རྡོ་ཆེན་པོ་ཡངས་པ་ཞབས་ཀྱི་མཐེ་བོ་གཡས་པས་ཡང་དག་པར
181b7 རབ་ཏུ་བསྐུལ་ཏེ། གཞི་ནས་མ་ལུས་པར་ཕྱུང་ནས་ཕྱག་གཡོན་པས་བཟུང་སྟེ། ཕྱག་མཐིལ་གཡས་པར་བཞག་ནས་ཡུད་ཙམ་དགོངས་ཏེ། གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས




iiif viewer powered by OpenSeadragon

181a - 182a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo