e-texts navigator
Collection
Volume
Page
Wylie

181a1 ཞིག་ནུསབཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནོན་ནུ་དག་གང་དེ་བཞིན་གཤེགས་པར་རྡོ་ཆེན་པོ་ལངས་པ་དེ་ཕྱོགས་དེ་ནས་བཏེགནས། ཕྱོགས་ཅིག་ཤོས།
181a2 སུ་འཕང་བར་བྱེད་འདོད་དམ། བཙུན་པ་བཅོམ་ལྡན་འདས་མཆོག་ཏུ་འཚལ་ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་འཚལ་ལགས་སོ།། དེ་ནས་བཅོམ་ལྡན་འདས་བླ་གོས་ཕྲག་པ
181a3 གཅིག་ཏུ་གཟར་ཏེ། རྡོ་ཆེན་པོ་ཡངས་པ་རེ་ག་ལ་བ་དེར་གཤེགས་ཏེ་ཕྱིན་ནས། རྡོ་ཆེན་པོ་ཡངས་པ་དེ་ཞབས་ཀྱི་མཐེ་བོ་གཡས་པས་ཡང་དག་པར་རབ་ཏུ་བསྐུལ་ཏེ། ཡང་དག་པར་རབ་ཏུ
181a4 བསྐུལ་ནས་ཀྱང་གཞི་ནས་མ་ལུས་པར་ཕྱུང་སྟེ། ཕྱག་གཡོན་པས་བླངས་ནས་ཕྱག་གཡས་ཀྱི་མཐིལ་དུ་བཞག་སྟེ། ཡུད་ཙམ་ཞིག་དགོངས་ནས་གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་རྩེ
181a5 མིག་ལམ་དུ་མི་སྣང་བར་གནས་པར་གྱུར་པ་དང་། དེའི་སྒྲས་ཀྱང་དག་རྔམས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཇོག་གི་རྒྱུད་དག་མ་འཇིགས་ཤིག། གྱེན
181a6 དུ་འཕགས་པ་ཙམ་གྱིས་ཀྱང་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། ཆོས་ཐམས་ཅད་ནི་བདག་མེད་པའོ།། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་སྒྲ་དེ་ལྟ་བུ་མཛད་དོ།། སླར་འཁོར་ནས
181a7 ཀྱང་དེ་བཞིན་གཤེགས་པའི་ཕྱག་མཐིལ་དེ་ཉིད་དུ་གནས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་དེ་ཞལ་གྱི་དབུགས་ཀྱིས་རྡུལ་ཕྲ་རབ་ཙམ་དུ་མཛད་དོ།། བྱེ་མར་མཛད་ནས་ཀྱང་ཕྱོགས




iiif viewer powered by OpenSeadragon

180b - 181b

Texts on this page

Ty054-012 - 'phags pa rdo 'phangs pa'i mdo