| | e-texts navigator
|
180b1 དང་། གླང་པོ་ཆེ་དང་སྤྲོས་ཀྱི་གླང་པོ་ཆེ་བརྒྱ་ཕྲག་དུ་མདེད་ནས། རྡོ་ཆེན་པོ་ཡངས་བདེ་ག་ཡང་དེར་དོང་སྟེ་ཕྱིན་ནས། རྡོ་ཆེན་པོ་ཡངས་པ་དེ་རྩོད་པའི་ཟག་པ་ཐབས་རྣམ་པ་ཐམས་ཅད་དྲ།
180b2 དཀྲིས་ནས། དེ་དག་དང་དེ་ཉིད་ཁ་ཅིག་གིས་ནི་སྐས་བཙུགས་ཏེ། རྩ་མུན་ཙ་དང་། བལ་བ་ཛའི་ཟག་པ་དང་། རྟས་འཛིན་པའི་ཟག་པ་དག་གིས་ཚུ་ཆང་བར་བྱ།། པར་དྲང་བར་བྱའོ།།
180b3 ཅིག་ནི་རྨོ་ལྕགས་བརྒྱས་རྩ་ནས་འབྱིན་པར་འདོད་དོ།། ཁ་ཅིག་ནི་དགྲ་སྟ་དག་གིས་གཅད་པར་འདོང་ངོ་།། ཁ་གཅིག་རྡོ་རྗེས་གདག་པ་དག་གིས་ཕྱེ་མར་བྱ་བར་འདོད་དོ།། ཁ་ཅིག་ནི་ལུས་ཀྱི་སྟོང
180b4 ཀྱིས་མཆུ་དག་བསྡམས་ཏེ་ཡོངས་སུ་བསྐུལ་བར་འདོད། ཁ་ཅིག་ནི་ཁྱུ་མཆོག་དག་དང་བ.ལང་མཆོག་ཏུ་ཕྱིན་པ་དག་གིས་བསྒྱེལ་བར་འདོད། ཁ་ཅིག་ནི་གླང་པོ་ཆེ་ཚོགས་ཀྱིས་རབ་ཏུ་འཇོམས
180b5 པར་འདོད། ཁ་ཅིག་ནི་སྨན་གྱི་སྟོབས་ཀྱིས་གཞིག་པར་འདོད། ཁ་ཅིག་ནི་གསང་སྔགས་ཀྱི་སྟོབས་ཀྱིས་མི་སྣང་བར་བྱེད་པར་འདོད་པར་བྱའོ།། དེའི་ཕྱིར་བདག་ཅག་གིས་བརྩོན་པ་དང་།
180b6 དྲང་བ་དང་། འབད་པ་དེ་ལྟ་བུ་དག་གིས་ཅི་ཕྱོགས་འདི་ནུས་བཏེག་སྟེ། ཕྱོགས་ཅིག་ཤོས་སུ་གཞག་གོ་སྙམ་པ་དང་། དེ་དག་དང་དེ་ཉིད་ལུས་ངལ་ཞིང་ལུས་དུབ་པ། ལུས་སྐྱིབས་དགུ་པས་ཡིད
180b7 ཀྱིས་སྒྱིང་ལུག་སྟེ། གང་འདི་ཞག་ཉི་ཤུ་རྩ་དགུར་བཙོན་པ་བྱས་པ་དེས་ཀྱང་རྡོ་ཆེན་པོ་ཡངས་པ་དེ་ཕྱོགས་དེ་ནས་ཡོངས་བསྐུལ་བར་ཡང་མ་ནུས་ན། བསླང་བ་འམ། འཕང་བར་ལྷག་ལ
iiif viewer powered by OpenSeadragon
180a - 181a