| | e-texts navigator
|
180a1 བདར་བྱས་པར་འགྱུར་ལ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་གྱུར་ཏེ། ཕྱོགས་དང་ཕྱོགས་མཚམས་དག་ཏུ
180a2 ཡང་བཅུག་གིས་དགེ་བ་རྒྱ་ཆེར་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པས་མངོན་པར་འཕགས་པར་འགྱུར་བ་ནི་གང་དག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོག
180a3 ཅིག་ཤོས་སུ་འཕངས་པས། ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱད་དཔའ་བ་དག་ཅིག་བྱུང་ངོ་།། ཀྱེ་མ་ཀུ་ཤིའི་གྲོང་ཁྱེར་གྱི་གྱད་རྟུལ་པོ་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཆེས་སྟོབས
180a4 དང་ལྡན་པ་དག་བྱུང་ངོ་ཞེས་ཟེར་གྱིས། ཤེས་ལྡན་དག་དེའི་ཕྱིར། རྡོ་ཆེན་པོ་ཡངས་པ་དེ་གལ་བར་ཀུན་ཀྱང་ཕྱིར་ཕྱུང་སྟེ་དེང་ཞིག། དེ་བཞིན་ནོ་ཞེས་སྨྲས་ནས། དེ་དག་དེ་ཉི་དག་ཅི
180a5 ལ་གཅིག་གི་ལྷར་ཉན་ཏེ། སོ་སོ་ནས་གཞོན་པ་བཟང་པོ་དག་ལ་ཞོན་ཏེ། བདག་ཅག་ནི་ས་སྟེང་འདི་ན་ཆེས་སྟོབས་དང་ལྡན་པའོ་སྙམ་དུ་རློམ་སེམས་བྱེད་ཅིང་འོངས་པ་དང་། རིགས་དང་།
180a6 སྟོབས་དང་། ལུས་བྱད་དང་། དབང་ཕྱུག་གི་རྒྱགས་པས་དྲེགས་ཏེ། སྐད་མངོན་པོ་དང་། སྐད་ཆེན་པོས་གན་བྱེད་ཅིང་ཅ་ཅོ་བྱེད་ལ། དགའ་མགུ་རངས་ཤིང་དགའ་བ་དང
180a7 བདེ་བ་དང་། ཡིད་བདེ་བསྐྱེས་ཏེ། འབྱོར་པ་ཆེན་པོ་མཆོག་གིས་ཀུ་ཤིའི་གྲོང་ཁྱེར་ནས་ཕྱིར་བྱུང་སྟེ། རྟ་དང་། རྔ་མོ་དང་། བ་ལང་སྔོན་པོའི་མཆོག་ཏུ་ཕྱིན་པ་དང་། ཁྱུ་མཆོག
iiif viewer powered by OpenSeadragon
179b - 180b