| | e-texts navigator
|
179a1 བཀྱི་དག་བགྱིས་ནས། རྒྱན་དང་ལྷབ་སྒྲུབ་ཐམས་ཅད་ཀྱིས་བརྟན་པར་བགྱི། དེ་ནས་དྲི་དང་། འགྲེང་བ་དང་། མེ་ཏོག་དང་། བདུག་པ་དང་། རོལ་མོའི་རྨཿ
179a2 ནོམ་པ་དག་གིས་བརྒྱན་པར་བགྱི། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་གཟུགས་པར་བགྱི། དུས་སྟོན་ཡང་རབ་ཏུ་གཞག་པར་བགྱི། ཤུལ་གང་ནས་བཅོམ་ལྡན་པ་དས་གཤེས།
179a3 པར་བརྩོན་པར་མཛད་པའི་གཤེགས་ཤུལ་དེ་ལའང་ཆོ་ག་བཞིན་དུ་ཕྱག་བདར་དག་བགྱི། དེ་སླན་ཆད་བདག་ཅག་ཐམས་ཅད་ཀྱིས་བསུབ་བགྱིས་འབའ་ཞིག་ན་ལེགས་སོ་སྙམ་ནས། དེ་ནས་བདག་ཅག།
179a4 ཐམས་ཅད་ཚོགས་ཤིང་ཡང་དག་པར་དགའ་བར་བགྱིད་ལ། རྩོད་པ་མ་མཆིས་ཤིང་རྩེ་གཅིག་སྡེ། བློ་གཅིག་པར་གྱུར་ནས་ཀུ་ཤིའི་གྲོང་ཁྱེར་ཐམས་ཅད་ནི་ཆོ་ག་བཞིན་དུ་ཕྱག་བདར་བགྱིས།
179a5 ཆུག་ཆུག་ལེགས་པར་བཏབ་པ་དང་བྱི་དྲོར་ལེགས་པར་བགྱི་བ་དག་བགྱིས་ནས། རྒྱན་དང་ལྷབ་ལྷུབ་ཐམས་ཅད་དང་། བདུག་པ་དང་འཕྲེང་བ་དང་། མེ་ཏོག་དང་། སྤྲོས་པ
179a6 རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པར་བགྱིད། གདུགས་དང་། རྒྱལ་མཚན་དང་། བ་དན་དག་ཀྱང་འཛུགས་པར་བགྱིད། དུས་ཉོན་ཡང་རབ་ཏུ་འཇོག་པར་བགྱིད། བཅོམ
179a7 ལྡན་འདས་ཤུལ་གང་ནས་གཤེགས་པའི་ཤུལ་དེའང་ཆོ་ག་བཞིན་དུ་ཕྱག་བདར་དག་བགྱིས་པས། གོར་མ་ཆེན་པོ་ཡངས་པ་དེ་གནས་མ་ལགས་པ་ན་མཆིས་ཤིང་ཤུལ་པོ་ཆེན་གནས་པ་མཐོག
iiif viewer powered by OpenSeadragon
178b - 179b