e-texts navigator
Collection
Volume
Page
Wylie

178b1 ཤྲཱིའི་གྲོང་ཁྱེར་གྱི་གྱང་ཕྱོགས་གཅིག་ཏུ་འཁོད་པ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོན་དུ་དག་ཅི་འདི་ངལ་བ་ཆེན་པོ་མཆོག་གིས་ཀྱང་བརྩམས་སམ། ངལ་བར་བྱེད་དམ། དེ་སྐད་ཅེས།
178b2 བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ། ཀུ་ཤིའི་གྲོང་ཁྱེར་གྱི་གྱད་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ལ་ཀུ་ཤིའི་གྲོང་ཁྱེར་གྱི་གྱང་བདག་ཅག་གིས་ནི། བཅོམ་ལྡན་འདས
178b3 ཀྱང་རྣམས་ཀྱི་ལྗོངས་རྒྱུ་བ་སྤྱད་ནས་སྡིག་པར་གཤེགས་ཏེ། སྡིག་པའི་སྲིན་བུ་པདྨའི་ནགས་ཟོད་ན་བཞུགས་སོ།། དེ་ལ་སྡིག་པར་སྐྱེས་པའི་གྱད་རྣམས་ཀྱི་ས་རི་མོར་བགྱི་བ་མཆོག་གིས་རི་མོར
178b4 བགྱིས། མཆོད་པའི་མཆོག་གིས་མཆོད། བླ་མ་ལ་གུས་པའི་མཆོག་གིས་ཀྱང་རིམ་གྲོར་བགྱིས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་ཆོས་ཀྱི་སྦྱིན་པ་དམ་པ་གྱ་ནོམ་པ་བླ་ན་མེད་པས
178b5 པན་གདགས་པར་མཛད་དོ།། དེ་ལ་ང་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱི་ཡོངས་སུ་བསྐོར་ཞིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། བདག་གི་གྲོང་གི་ཞིང་དུ་ཀུ་ཤིའི
178b6 གྲོང་ཁྱེར་དུ་གཤེགས་སོ་ཞེས་ཐོས་ལགས་ཏེ། དེ་སྐད་ཐོས་ནས་ཀྱང་བདག་ཅག་འདི་སྙམ་དུ་སེམས་ལགས་སོ།། གང་འོ་ན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལའི་མོར་བགྱི་བ་དང
178b7 མཆོད་པར་བགྱི་བས་བདག་ལ་ཕན་པར་བགྱི་བའི་སླད་དུ་ཀུ་ཤིའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞིན་དུ་ཕྱག་བདང་དག་བགྱི། ཆག་ཆག་ལེགས་པར་བཏབ་པ་དང་། བྱི་དོར་ལེགས་པར




iiif viewer powered by OpenSeadragon

178a - 179a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo