e-texts navigator
Collection
Volume
Page
Wylie

178a1 མཆོག་དང་བ་ལང་གི་གཙོ་བོ་དག་གིས་བསྒྱེལ་བར་འདོད་དོ།། ཁ་ཅིག་ནི་བ་ལང་ལྷའི་སྟོབས་ཀྱིས་རབ་ཏུ་གཅོམ་པར་འདོད་དོ།། ཁཅིག་ནི་སྨན་གྱི་མཐུས་གཅིག་པར།
178a2 འདོད་དོ།། ཁ་ཅིག་ནི་སྔགས་ཀྱི་མཐུས་མི་སྣང་བར་བྱ་འདོད་དེ། དེའི་ཕྱིར་བརྩོན་པ་དང་། ཟིང་བ་དང་། འབད་པ་དེ་ལྟ་བུས་དེ་དག་གིས་ཅི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་ཅིག་གཅིག་ཏུ
178a3 གཞག་གོ་སྙམ་པ་དང་། དེ་དག་ལུས་ངལ་ཞིང་ལུས་དུབ་ལ། ལུས་དགུ་པས་རབ་ཏུ་འབད་པ་སྒྱིད་ལུག་སྟེ། རྡོ་ཆེན་པོ་ཡངས་པ་དེ་བསྐུལ་བར་ཡང་མ་ནུས་ན། བསྐྲད་པ་འམ། འཕང་བ.རཿ།
178a4 གལ་ནུས། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་། དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཏེ། གང་ན་རྡོ་ཆེན་པོ་ཡངས་པ་དེ་གནས་པའི་ཕྱོགས་དེ་ལ
178a5 གཤེགས་སོ།། ཀུ་ཤིའི་གྲོང་ཁྱེར་དུ་སྐྱེས་པའི་གྱད་རྣམས་ཀྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ན་ནས་ཚུར་གཤེགས་པ་མཐོང་སྟེ། མཐོང་ནས་ཀྱང་དགའ་མགུ་ཞིང་རངས་ཏེ། དགའ་བ་དང་། བདེ
178a6 བ་དང་། ཡིད་བདེ་བ་སྐྱེས་ཤིང་། བླ་མ་ལ་གུས་པ་ཆེན་པོ་སྐྱེས་ནས་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་བསུ་བར་བྱེད་དོ།། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ
178a7 བབར་བྱེད་དོ།། བཅོམ་ལྡན་འདས་ལ་ལན་གསུམ་སྐོར་བར་བྱེད་དེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཅང་མི་སྨྲ་བར་ཕྱོགས་གཅིག་ཏུ་འཁོད་དོ།། བཅོམ་ལྡན་འདས་ཀྱིས།




iiif viewer powered by OpenSeadragon

177b - 178b

Texts on this page

Ty054-012 - 'phags pa rdo 'phangs pa'i mdo