| | e-texts navigator
|
177b1 དག་རྡོ་ཆེན་པོ་ཡངས་པ་འདིགལ་བར་ཀུན་ཀྱང་དེངས་ཤིག། དེ་བཞིན་ནོ་ཞེས་སྨྲས་ནས། ཀུ་ཤིའི་གྲོང་ཟེར་གྱི་ཀྱང་དྲུག་པན་ཚུན་གྱི་སྦྱར་ཅན་ཏེ། དེ་དག་སོ་ས་ནས་བཞོན་པ་བཟང་པོ་དག
177b2 འཁོན་ནསབདག་ཅག་ནི་ས་སྟེང་འདི་ན་ཆེས་སྟོབས་དང་ལྡན་པའོ་སྙམ་དུ་རློམ་སེམས་བྱེད་ཅིང་འོངས་པ་དང་། རིགས་དང་། སྟོབས་དང་། ལུས་བྱད་དང་། དབང་ཕྱུག་གི་རྒྱགས
177b3 པས་དྲེགས་ཏེ། སྒྲ་མཐོན་པོ་དང་། སྒྲ་ཆེན་པོས་གན་བྱེད་ཅིང་ཅ་ཅོ་བྱེད་ལ། དགའ་མགུ་རངས་ཤིང་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་སྐྱེས་ཏེ། འབྱོར་པ་ཆེན་པོ་མཆོག་གིས
177b4 ཀུ་ཤིའི་གྲོང་ཁྱེར་ནས་བྱུང་ནས་རྟ་དང་། རྔ་མོ་དང་། བ་ལང་སྔོན་པོའི་གཙོ་བོ་དང་། ཁྱུ་མཆོག་དང་། གླང་པོ་ཆེ་དང་། སྤོས་ཀྱི་གླང་པོ་ཆེ་བརྒྱ་ཕྲག་དུ་མཐིང་ནས། རྡོ་ཆེན་པོ
177b5 ཡངས་པ་དེ་ག་ལ་བ་དེ་སོང་སྟེ་ཕྱིན་ནས། རྡོ་ཆེན་པོ་ཡངས་པ་དེ་རྩིད་པའི་ཐག་པ་སྲབས་ལན་མང་དུ་དཀྲིས་ནས། ཁ་ཅིག་གིས་ནི་སྐད་བཙུགས་ཏེ་རྩཝ་མུན་ཛ་དང་། བལ་བ་ཛའི་ཐག་པ
177b6 དང་རྟས་འདྲེན་པའི་ཟག་པ་དག་གིས་ཚུར་འདྲེན་པར་བྱེད། ཕར་འཛིན་པར་བྱེད་དོ།། ཁ་ཅིག་ནི་ཐོང་ལྕགས་བརྒྱས་གཞི་ནས་འབྱིན་པར་འདོད་དོ།། ཁ་ཅིག་ནི་དགྲ་སྟ་དག་གིས
177b7 གཅོད་པར་འདོད་དོ།། ཁ་ཅིག་ནི་རྡོ་རྗེས་བཏབ་པ་དག་གིས་ཕྱེ་མར་བྱ་བར་འདོད་དོ།། ཁ་ཅིག་ནི་ལུས་ཀྱི་སྟོབས་ཀྱིས་ཆུ་དག་བསྡམས་ཏེ་ཡོངས་སུ་བསྐྱོད་པར་འདོང་ངོ་།། ཁ་ཅིག་མཿ
iiif viewer powered by OpenSeadragon
177a - 178a