e-texts navigator
Collection
Volume
Page
Wylie

176b1 པར་གདབ་པ་དང་བྱི་དོར་ལེགས་པར་བྱ་བ་དག་བྱས་ནས། རྒྱན་དང་། ལྦབ་སྒྲུབ་ཐམས་ཅད་དང་། བདུག་པ་དང་། འཕྲེང་བ་དང་། མེ་ཏོག་དང་། སྤོས་དང
176b2 རོལ་མོའི་སྒྱུ་གྱ་ནོམ་པ་དག་གིས་རྒྱན་པར་བྱེད། གདུགས་དང་། རྒྱལ་མཚན་དང་། བདུན་དག་འཛུགས་པར་བྱེད། དུས་སྐྱོན་ཡང་རབ་ཏུ་གནས་པ་བྱེད་དེ། གཤེགས་ཤུལ
176b3 གང་ནས་བཅོམ་ལྡན་འདས་གཤེགས་པའི་གཤེགས་ལམ་དེའང་ཆོ་ག་བཞིན་དུ་ཕྱག་བདང་དག་བྱེད་དོ།། ཡང་དེའི་ཚེ་ཀུ་ཤའི་གྲོང་ཁྱེར་གྱི་བར་དང་། ཆུ་ཀླུང་དབྱིག་ལྡན་གྱི་བར་དེ་གཉིས་ཀྱི
176b4 བར་ན་རྡོ་ཆེན་པོ་ཡངས་བཞིག་གནས་མ་ཡིན་པ་ན་འདུག་སྟེ། ལམ་པོ་ཆེ་ན་གནས་པ་ན། འདི་ལྟ་སྟེ། གྱེན་དྲནི་འདོམ་བཅོ་ལྔ་སྲིད་མངོན་དུ་འཕགས་སོ།། རྒྱུར་འདོམ་བྱེད་དང
176b5 བརྒྱད་དོ།། དེ་ནས་དེ་དག་འདི་སྙམ་དུ་སེམས་ཏེ། གང་འོ་ན་བདག་ཅག་གིས་རྡོ་ཆེན་པོ་ཡངས་པ་འདི་ཕྱོགས་འདི་ནས་བཏེག་སྟེ། ཕྱོགས་ཅིག་གཅིག་ཏུ་གཞག་པར་བྱའོ།། དེའི་ཕྱིར
176b6 བདག་ཅག་གིས་ལམ་ཡང་ཤིན་ཏུ་ཕྱག་བདར་བྱས་པར་འགྱུར་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་མཆོད་པར་འགྱུར་ཞིང་། ཕྱོགས
176b7 དང་ཕྱོགས་མཚམས་ངག་ཏུའང་བདག་ཅག་གི་དགེ་བ་བརྒྱ་ཆེན་པོ་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པས་མངོན་པར་འཕགས་པར་གྱུར་ཏེ། གང་དག་གིས་རྡོ་ཆེན་པོ་ཡངས་པར།




iiif viewer powered by OpenSeadragon

176a - 177a

Texts on this page

Ty054-012 - 'phags pa rdo 'phangs pa'i mdo