| | e-texts navigator
|
176a1 པལ་མཛད་དོ།། དེ་ཡང་བཅོམ་ལྡན་འདས་གནས་པ་ཇི་ལྟར་དུས་གནས་པས་རིང་པོ་མི་ཐོགས་པའི་དགེ་སློང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་དགེ་སློང་།
176a2 གི་དགེ་འདུན་གྱིས་མདུན་དུ་བདང་ཏེ་བདག་ཅག་གི་གྲོང་གི་ཞིང་དུ་ཀུ་ཤིའི་གྲོང་ཁྱེར་དུ་གཤེགས་སོ་སྙམ་མོ།། དེ་ལ་གང་འོ་ན་བདག་ཅག་གིས་ཀྱང་བཅོམ་ལྡན་འདས་དེ་ལ་རི་མོར
176a3 བྱ་བ་དང་མཆོད་པར་བྱ་བས་བདག་ལ་ཕན་པར་བྱ་བའི་ཕྱིར་ཀུ་ཤིའི་གྲོང་ཁྱེར་ཀུན་ཆོ་ག་བཞིན་དུ་ཕྱག་བདར་དག་བྱ། ཆག་ཆག་ལེགས་པར་བཏབ་པ་དང་བྱི་དོར་ལེགས
176a4 པར་བྱ་བ་དག་བྱས་ནས་རྒྱན་དང་ལྦབ་ལྷུབ་ཐམས་ཅད་དང་བདུག་པ་དང་། འཕྲེང་བ་དང་། མེ་ཏོག་དང་། སྤོས་དང་། རོལ་མོའི་སྒྲ་གྱ་ནོམ་པ་དག་གིས་བརྒྱན་པ།
176a5 བྱ་གདུགས་དང་། རྒྱལ་མཚན་དང་། བ་དན་དག་གཟུགས་པར་བྱ། དུས་སྔོན་དག་ཏུ་གནས་པར་བྱ། བཅོམ་ལྡན་འདས་ལམ་གང་དག་ནས་གཤེགས་པར་བརྩོན་པའི་གཤེགས
176a6 ཤུལ་དེའང་ཆོ་ག་བཞིན་དུ་ཕྱག་བ་དང་དག་བྱའོ།། དེ་ཕྱིན་ཆད་ནི་བདག་ཅག་ཐམས་ཅད་ཀྱིས་བསུ་བ་བྱས་འབའ་ཞིག་ན་ལེགས་སོ་སྙམ་ནས། དེ་ནས་དེ་དག་ཐམས་ཅད་ཚོགས
176a7 ཡང་དག་པར་དགའ་སྟེ། རྩོད་པ་མེད་ཅིང་རྩེ་གཅིག་ལ་བློ་གཅིག་པ་དག་ཏུ་བྱས་ནས། ཀུ་ཤིའི་གྲོང་ཁྱེར་ཐམས་ཅད་ཆོ་ག་བཞིན་དུ་ཕྱག་འདར་དག་བྱེད་དོ།། ཆག་ཆག་ལེགས
iiif viewer powered by OpenSeadragon
175b - 176b