| | e-texts navigator
|
152a1 གཉེན་ལ་སྲིའུ་མི་བྱེད་པ། མྱ་ངན་བསྲིངས་པ་རྣམས་ལ་རིམ་གྲོ་མི་བྱེད་པ། དབང་ཆུང་ངུ་ལ་མི་དགེ་བའི་རྩ་བསྐྱེད་པ། དབང་ཆེན་པོ་ལ་དགེ་བའི་རྩ་བ་གཅོད་པ། གང་ཟག།
152a2 ངན་པ་བྱེད་པ་རྣམས་ལ་བསྟོད་པ་འདི་དང་བཅུའོ།། ཇི་ལྟར་ལས་ཀྱིས་དབང་ཆེར་འགྲུ་བ་ཞེ་ན། ཆོས་བཅུས་ན་དབང་ཆེར་འགྱུར་ཏེ། བཅུ་གང་ཞེ་ན། གཞན་གྱིས་ཐོབ་པ་ལ
152a3 ཕྲག་དོག་མི་བྱེད་པ། གཞན་གྱིས་ཐོབ་ན་དགའ་བ། གཞན་གྱིས་མ་ཐོབ་པ་ལ་མི་དགའ་བ། གཞན་སྐྱེད་པ་དང་། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲས་བསྟོད་པ་མེད་པ་ལ་མི་དགའ
152a4 བ། གྲགས་པ་དང་། ཚིགས་སུ་བཅད་ཅིང་སྒྲས་བསྟོད་པ་ལ་དགའ་བ། བྱང་ཆུབ་ཀྱི་སེམས་སྐྱེ་བར་བྱེད་པ། ཡང་དག་པར་གཤེགས་པའི་མཆོད་རྟེན་དང་གནས་བྱེད་པ། དབང་ཆུང་ངུ་ལ་མི
152a5 དགེ་བའི་རྩ་བ་བཅོད་པར་བྱེད་པ། དབང་ཆེན་པོ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ་བཅུའོ།། ཇི་ལྟར་ལས་ཀྱི་མ་རབས་སུ་སྐྱེ་བར་འགྱུར་ཞེ་ན། ཆོས་བཅུས་ན་མ་རབས་སུ་སྐྱེ་བར་འགྱུར་ཏེ། བཅུ
152a6 གང་ཞེ་ན། ཕ་མ་ལ་ཕ་མར་མི་འཛིན་པ། དགེ་སྦྱོང་དུ་མི་ཤེས་པ། བྲམ་ཟེར་མི་ཤེས་པ། རིགས་ཀྱིས་བཙུན་པ་ལ་མི་བཀུར་བ། མཁན་པོ་དང་། བླ་མ་དང་། ཐར་པར་ཞུགས་པ་རྣམས་ལ་རིམ
152a7 དང་བསྟི་སྟང་དུ་མི་བྱེད་པ། ནམས་ཀྱང་མགྲོན་དུ་མི་གཉེར་བ། ཕ་མ་ལ་སྲི་ཞུ་མི་བྱེད་པ། མཁན་པོ་དང་། བླ་མ་དང་། ཐབ་པར་ཞུགས་པ་རྣམས་ལ་ཁྱད་དུ་གསོད་ཅིང་སྲེ་ཞུ་མི་བྱེད་པ།
iiif viewer powered by OpenSeadragon
151b - 152b