e-texts navigator
Collection
Volume
Page
Wylie

148a1 ནས་ལྦ་དང་འདྲ་བའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས།
148a2 བཀའ་སྩལ་ཏོ།། ཕ་མ་གཉིས་ནི་ཚངས་པ་རྩེ།། དེ་བཞིན་དང་པོ་སློབ་དཔོན་ཡིན། བུ་ཡིས་ཀུན་སྦྱིན་འོས་གྱུར་པ།། མི་ཡང་ཡིན་ལ་ལྷ་ཡང་ཡིན།། དེ་བཱིར་དེ་གཉིས་ཕྱག་གི་གནས། དྲིམ
148a3 དང་ནི་ཁྲུས་རྣམས་དང་།། རྐང་པ་དག་ཀྱང་བསྐུ་བ་དང་།། ཡང་ན་ཟས་དང་སྐོམ་རྣམས་དང་།། གོས་དང་མལ་ཆ་སྟན་རྣམས་ཀྱིས།། མཁས་པ་དག་གིས་བཀུར་སྟི་བྱ།། ཕ་མ་དག་ལ་བཀུར་བྱས
148a4 པ། དེ་ན་མཁས་པ་དེ་དག་ན།། འདིར་ཡང་སྨད་པར་མི་འགྱུར་ལ། ཤི་ནའང་མཐོ་རིས་འགྲོ་བར་འགྱུར། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང
148a5 དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཕ་མའི་མདོ་རྫོགས་སོ།། རྒྱ་གར་སྐད་དུ། ཀརྨ་པི་བང་ཀ
148a6 ནཱ་མ་དྷརྨ་པ་རི་ཡ་ཡ། བོད་སྐད་དུ། ལས་ཀྱི་རྣམ་པར་འགྱུར་བ་ཞེས་བྱ་བའི་ཆོས་ཀྱི་གཟུང་བམ་པོ་གཅིག་གོ།། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
148a7 འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཆེ་ལེ་སྐྱབས་མེད་པ་ལ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ




iiif viewer powered by OpenSeadragon

147b - 148b

Texts on this page

Ty054-009 - pha ma'i mdo
Ty054-010 - las kyi rnam par 'gyur ba zhes bya ba'i chos kyi gzhung