e-texts navigator
Collection
Volume
Page
Wylie

142b1 དུ་བྱས་པ་ཤེས་ཤིང་བྱས་པ་ཚེར།། འདོད་མེད་གཏོང་དང་ཚུལ་ཁྲིམས་ལྡན།། ཐོ་བ་མེད་ཅིང་ཚིག་ནི་དྲང་།། འཇིགས་པ་མེད་ཅིང་རྣམ་པར་མཁས།། ངོ་ཚ་ཁྲེལ་ལོང་ཕུན་སུམཆོག
142b2 འཇིགས་པ་དང་ནི་ངོགས་པ་མེད།། ཡིད་གཞུངས་ཐོས་པ་འཛིན་པ་དང་།། དོན་ཡོང་སྐྱེ་བོ་མང་ན་མཁས།། ཆུང་གི་བཟུང་བ་སྤངས་པ་ཡིས།། སྐྱེས་པའམ་ནི་བུད་མེད་ཀྱིས།། ཕན་པོན
142b3 འདྲི་རྣམས་མྱོང་བར་འགྱུར།། ལྷ་རྣམས་དྲང་ནི་མི་རྣམས་སུ།། དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་བདེ་འགྲོ་མཐོ་རིས་ལྔའི་འཇིག་རྟེན་དང་མཐོ་རིས་སུ་སྡེའོ།། ཚུལ་ཁྲིམས་འདི་རྣམས་བསུ
142b4 འདི་གང་ཟག་གང་སུ་དག་སྐྱེས་པ་འམ་བུད་མེད་ཀྱིས་ཚུལ་ཁྲིམས་སྲུང་བར་མི་བྱེད་པ་དང་། སྒོམ་པར་མི་བྱེད་ན་དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བར
142b5 འགྱུར་རོ།། གང་སུ་དག་ཚུལ་ཁྲིམས་སྲུང་བར་བྱེད་པ་དང་། སྒོམ་པར་བྱེད་པ་རྣམས་ནི། དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་བདེ་འགྲོ་མཐེ་རོས་དང་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ།
142b6 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་དེ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ཚུལ་ཁྲིམས་ལྔའི་ཕན་ཡོན་བསྟན་པའི་མ་རྫོགས
142b7 སོཔནྡྷ་ཏ་ཆེན་པོ་ཨ་ནནྡ་ཤྲིའི་ཞལ་སྔ་ནས། མང་དུ་ཐོས་པའི་ལོ་ཙ་བ་ཤཱཀྱའི་དགེ་སློང་ཉིམ་རྒྱལ་མཚན་དཔལ་བཟང་པོས། སྐང་གཉིས་སྨྲ་བ་རྣམས་ཀྱི་གདན།




iiif viewer powered by OpenSeadragon

142a - 143a

Texts on this page

Ty054-007 - bslab pa lnga'i phan yon gyi mdo