| | e-texts navigator
|
142a1 འཐུང་བ་དེ་ནི་ཐེག་པ་ཆུང་བ་མ་ཡིན་ནོ།། དེ་མིང་གླུར་ཀྱང་རྟག་ཏུ་འརྗེད་ངས་པ་དང་། ལུག་གྷར་ལྐུགས་པ་དང་། ཤེས་རབ་འཆལ་བ་དང་། རིག་པ་མི་ཤེས་པ་དང
142a2 རྟག་ཏུ་གཉིད་དུ་འགྲོ་བ་དང་། ཟོ་བྲེས་དམན་པ་དང་། གཏི་བུག་ཆེ་བ་དང་། འཇིགས་པ་དང་སྐྲག་པར་འགྱུར་བ་དང་། དོགས་པར་འགྱུར་བ་དང་། ཕྲ་མ་ཅན་དང་། ཚིག་མི་བརྟན་པ་དང
142a3 སེར་སྣ་ཅན་དང་། ཕྲ་དོག་ཅན་དང་། ངེས་པར་མི་འབྱུང་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཤེས་རབ་ཆུང་བ་དང་། དགེ་བའི་ཆོས་རྣམ་མི་རེག་པ་སྟེ། སྐྱེ་བ་ལྔ་བརྒྱད་གནོད།།
142a4 སྦྱིན་སྐྱེ།། སྐྱེ་བ་ལྔ་བརྒྱར་གྱི་དང་ནི།། མཐའ་ཡས་སྦྱིན་པར་སྐྱེ་བར་འགྱུར།། ཆང་འཐུངས་པ་ཡི་ཉེས་པའོ།། མྱོས་པར་འགྱུར་བའི་ཆང་གི་བཏུང་བའི་རྣམ་པར་སྨིན་པའོ།། ཆང་འཐུན།
142a5 པ་ནི་བླངས་པ་ཡིས།། སྐྱེས་པ་འམ་ནི་བུད་མེད་ནི།། ཐོབ་རྩེ་དེ་ཡི་ཕན་ཡོན་ནི།། སུམ་ཅུ་རྩ་དྲུག་གི་དམན་པར།། འདས་དང་མ་འོངས་པ་ཡིས་དུས།། ད་ལྟར་བྱུང་བ་ཅུང
142a6 ཟད་དུ།། མྱུང་དུ་ཤེས་པར་འགྱུར་བ་དང་།། རྟག་ཏུ་དྲན་པར་གནས་པ་དང་།། དེ་ནི་སྐྱོ་བར་མི་འགྱུར་ཞིང་།། ཁྱད་པར་འཕགས་པའི་ཤེས་རབ་དང་།། མི་རྨོངས་པ་དང་བག་ཡོད་དང་།།
142a7 ཚིག་ནི་ཤིན་ཏུ་གསལ་བ་དང་།། ངོ་ཚ་ཤེས་ཤིང་ཚིག་ནི་གསལ།། དེ་ནི་ལོག་པའི་སྨྲ་མི་འགྱུར།། ཕྲ་མ་དང་ནི་ཚིག་རྩུབ་མེད།། དོན་མེད་པ་ལ་མི་བསྟོད་ཅིང་།། ཉིན་དང་མཚན་དུ་དེ་བཞིན།
iiif viewer powered by OpenSeadragon
141b - 142b