e-texts navigator
Collection
Volume
Page
Wylie

141b1 དགེ་སྦྱོང་དང་བྲམ་ཟེ་ཕ་རོལ་དུ་སྒྲོལ་བར་བྱེད་དོ།། ཆང་འཐུངས་པ་ནི་ཆེ་བའི་དམྱལ་བར་ལྟུང་ཞིང་སྐྱེ་བར་འགྱུར་རོ།། དེར་ལྷུང་བའི་སེམས་ཅན་ནི་ལོ་སྟོང་ཕྲག་མང་པོར་འཚེད་པར
141b2 འགྱུར་རོ།། དེ་ནས་ཕྱིར་ཕྱུང་ནས་ཆུ་བོ་རབ་མེད་ཀྱི་ངོགས་སུ་སྦྱར་བར་བྱེད་དོ།། གང་དུའང་འགྲོས་མེད་པར་ཡང་དང་ཡང་དུ་རྒྱལ་བར་བྱེད་དོ།། དེར་དམྱལ་བའི་སྲུངས་མ་རྣམས་ཀྱིས
141b3 མཆིལ་པས་ཉ་འདོན་པ་ལྟར། ལྕགས་སྲེགས་ཀྱི་ས་གཞི་ལ་རྡེབ་པར་བྱེད་དོ།། འདི་ལྟར་སྒྲོགས་ཏེ། ཀྱེ་སྐྱེས་བུ་ཁྱོད་ཅི་འདོད།། ཇོ་བོ་སྐོམ་མོ།། དམྱལ་བའི་སྲུང་མ་དེས་ཕྱུག་འབར་བའི
141b4 ཟུག་ཀྱུས་འབྱེ་སྟེ་གྲ་བཅུ་པའི་ཁུ་བ་ལྡུག་པར་བྱེད་དོ།། དེ་ལ་དེའི་མཆུ་སྲེག་གོ།། མགྲིན་པའང་སྲེག་གོ།། ཟང་སྲེག་གོ། རྒྱུ་མ་སྲེག་གོ། སཱིང་ཡང་སྲེག་གོ།། བཤང་ལ་མ་ན་མར་འཐོན་པར
141b5 བྱེད་དོ།། དེ་རྣམས་ཀྱིས་སྡུག་བསྔལ་མྱོང་བར་བྱེད་ཅིང་། དུ་ལ་འདྲེ་བར་བྱེད་དོ།། དེའི་དུས་སུའང་འཆི་བར་ནི་མ་འགྱུར་ཏེ། ཇི་སྲིད་ཀྱི་བར་དུ་སྡིག་པའི་ལས་ཀྱི་འབྲས་བུ་མྱོང་བར
141b6 བྱེད་དོ།། དེ་སྲིད་དུ་དེ་རྣམས་ཀྱིས་རྣམ་པར་སྨིན་པའི་ཚོར་བ་མྱོང་བར་བྱེད་དོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆེ་ཞིང་རྩུབ་པའི་ཆུ་བོ་ནི།། རབ་མེད་ཤིན་ཏུ
141b7 བགྲོད་པར་དཀའ།། ལྕགས་ཀྱི་པདྨའི་འདབ་མ་རྣམས།། འདབ་མ་རྣོ་བའི་སྟེང་དུ་འགྲོ།། ཆུ་བོ་རབ་མེད་ག་ནི་མེད་པར།། ཆོས་མིན་ཇི་ལྟར་སྤྱོད་པར་འགྱུར།། གང་ཞིག་ཆང




iiif viewer powered by OpenSeadragon

141a - 142a

Texts on this page

Ty054-007 - bslab pa lnga'i phan yon gyi mdo