e-texts navigator
Collection
Volume
Page
Wylie

141a1 དྲི་གཡོས་རྣམས་ཐམས་བསྙེན་བཀུར་འགྱུར།། མཆོད་པར་འོས་པར་ཚིག་གིས་སོ།། ཆོས་རྣམས་ཀུན་ལ་མཁས་པ་དང་།། དོན་དམ་ཚིག་འབྲུ་རྣམ་པར་མཁས།
141a2 སེམས་ཀྱིས་རྟོག་ལ་ཞུས་པ་མེད།། རྟག་ཏུ་ཁྱད་པར་འཕགས་པའི་ཚིག། བརྫུན་དུ་སྨྲ་བ་སྤངས་པ་ཡིས།། སྐྱེས་པ་འམ་ནི་བུད་མེད་ཀྱིས།། པན་ཡོན་འདི་ནི་མྱོང་བར་འགྱུར།། ལྷ་དང
141a3 མིརུ་སྐྱེས་པ་ན།། དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་བདེ་འགྲོ་ལྷའི་འཇིག་རྟེན་དང་མཐོ་རིས་སུ་སྐྱེའོ།། བརྫུན་དུ་སྦ་བ་ཞེས་བྱ་བ་ནི་ཁན་མ་ཐོ་བ་དང་བཅས་པའོ།། འདོད་པའི་དོན་རྣམས
141a4 ལ་རིགས་ཀྱི་བུས་མི་བྱ་བ་ཉིད་དོ།། བདེན་པ་དང་ལེགས་པའི་བཅུད་རྣམས་དེ་ལྟ་བུ་ནི་བླང་བར་བྱའོ།། བརྫུན་དུ་སྨྲ་བ་ཞེས་བྱ་བ་དོན་མེད་པར་བྱེད་པའོ།། འཇིག་རྟེན་སླུ་བར་བྱེད་དོ།།
141a5 སྐྱེ་བ་གཞན་དུ་མར་མནར་མེད་པའི་དམྱལ་བར་སྐྱེས་པར་འགྱུར་རོ།། དེའི་ཕྱིར་འཚེ་བའི་སླད་དུ་བརྫུན་དུ་སྨྲ་བར་མི་བྱའོ།། ཐམས་ཅད་མཁྱེན་པ་སངས་རྒྱས་བྱང་ཆུབ་སེམས་དཔའ
141a6 སྒྲིབ་པ་དང་བཅས་པའི་དུས་ནའང་ཕྲ་མ་ནི།། ཡུང་བའི་ཁ་དོག་ལྟར་ཡུན་རིང་པོར་མི་གནས་སོ།། ཕུག་མའི་ཕུང་པོའི་སྟེང་དུ་ཕུར་པ་བཙུགས་ན་ཡུན་རིང་དུ་མི་གནས་པ་བཞིན་ནོ།།
141a7 རྟའི་རྒྱབ་ཏུ་ཤིང་ཐོག་རིལ་བུ་བཞག་ན་ཡུན་དུ་མི་གནས་པ་བཞིན་དུ། སྨྲས་པའི་ཚིག་ལ་རལ་གྲིས་སྐེ་འདྲེག་པའི་ཚེ་ཚིག་གཉིས་མི་སྨྲ་བ་བཞིན་ནོ།། འདྲེན་པར་ཡུན་རིང་པོར་སྨྲས་པས




iiif viewer powered by OpenSeadragon

140b - 141b

Texts on this page

Ty054-007 - bslab pa lnga'i phan yon gyi mdo