| | e-texts navigator
|
140b1 དགེ་སློང་དག་བརྫུན་དུ་སྨྲ་བ་ནི་སྦྲུལ་དུག་ཅན་དང་འདྲ་བར་ཡིད་ལ་བྱའོ།། དེས་སྡུག་བསྔལ་མང་པོ་བྱེད་དོ།། དམྱལ་བར་འཇུག་པ་དང་། ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་། དུད་འགྲོའི་བྱེ་གནས།
140b2 སུ་སྐྱེ་བར་འགྱུར་རོ།། གང་ཞིག་བརྫུན་དུ་སྨྲ་བ་ནི་རྣམ་པར་སྨིན་པ་ཆེན་པོའོ།། དེ་མིར་སྐྱེས་ཀྱང་སྙིང་རྗེ་མེད་པ་དང་། སྐད་བྱ་རོག་གི་དང་འདྲ་བ་དང་། ལྕེ་མི་བདེ་བ་དང་། སོལ་སྲིན་འབྱུང
140b3 བ་དང་། འ་དྲི་མི་ཞིམ་པ་དང་། སོ་མི་སྙོམས་པ་དང་། ཚིག་རྩུབ་པ་དང་། གྲེ་བ་འཛེར་བ་དང་། མཆུ་མི་བདེ་བ་དང་། ཕྲག་དོག་དང་བཅས་པ་དང་། རྟག་ཏུ་སྲེད་པ་དང་ལྡན་པ་དང་། དེ
140b4 ལུས་ཞིག་པའི་ཕ་རོལ་ཏུ་ཐིག་ནག་ཏུ་སྐྱེ་བར་འགྱུར་རོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ནས་རྣག་གི་དྲི་ལྡང་ཞིང་། དཔག་ཚ་གཅིག་དུ་དྲི་ངན་འགྲོ།། ཆོས་ནི
140b5 ཤེས་པར་ཡང་མི་འགྱུར།། བརྫུན་དུ་སྨྲས་པའི་ཉེས་པའོ།། བརྫུན་དུ་སྨྲས་པའི་རྣམ་པར་སྨིན་པའོ།། བརྫུན་དུ་སྨྲ་བ་སྤངས་པ་ཡིས།། སྐྱེས་པའམ་ནི་བུད་མེད་ན།། ཐོབ་པར
140b6 འགྱུར་ཏེ་ཕན་ཡོན་ནི།། སུམ་ཅུ་རྩ་གསུམ་མེ་ཉུང་བ།། མིག་དང་རྣ་བ་རྩཝ་དང་ནི།། ལྕེ་དང་ལུས་དང་དེ་བཞིན་ཡིད།། དེ་ལ་རྣམ་པར་དག་པར་འགྱུར།། པདྨའི་ཟེའུ་འབྲུ་ལྟར་མཚུངས
140b7 སོ་མིག་དང་སོ་ནི་མཉམ་པ་དང་།། ལུས་ནི་མི་རིང་མི་ཐུང་ལ།། ཧ་ཅང་སྦོམ་དང་ཕྲ་བ་མིན།། འདི་ལྟར་ལེགས་པར་བཤད་པའི་ཚིག། ཇི་ལྟར་ཨུཏྤལ་ལ་ཡི་དྲི།། རྟག་ཏུ་ཀུནྡ་ལ་པི
iiif viewer powered by OpenSeadragon
140a - 141a