e-texts navigator
Collection
Volume
Page
Wylie

140a1 འབརའ་བའི་ལྕགས་སུ་ལ་རུ་བཅུག་ནས་མཆིལ་པས་ཉལ་བྱ་བ་བཞིན་དུ་ལྕེའི་རྩེ་མོ་ཕྱི་རོལ་ཏུ་ཕྱུང་སྟེ། ཐག་པས་བཅིངས་ནས་ཕྱི་རོལ་ཏུ་འདོན་ཏོ།། དེ་ལྟར་ཕྱི་རོལ་ཏུ་བཏོ།།
140a2 པ་ལ་ལྕེའི་རྩེ་མོ་ལ་མཚོན་ཆས་བརྒྱབ་པའི་གནས་སུ་མཆུ་རང་ལ་སྐྱེས་པའི་སྲིན་འབྲུ་ཆེན་པོས་ཟའོ།། དེ་ལྟར་ཟོས་པས་ཅུང་ཟད་ཀྱང་སྨྲ་བར་མི་ནུས་སོ།། དེ་ལྟར་དེ་ནི་དེ་ལ་ལོ་སྟོང་ཟག་དུ
140a3 མར་འཚེད་པར་འགྱུར་རོ།། བཙོས་ནས་ཡང་དམྱལ་བ་ཆེན་པོར་ལྷུང་བར་འགྱུར་རོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་བུད་མེད་སྐྱེས་པ་འདོད།། སྐྱེ་བ་སྐྱེ་བར
140a4 ཡང་དང་ཡང་།། ལྷ་དང་ལྷ་མོ་ཇི་བཞིན་དུ།། རང་གི་ཁྱོ་ནི་སྤང་མི་བྱ།། བརྫུན་དུ་སྨྲས་པས་སླར་ཡང་ཐིག་ནག་ཏུ་སྐྱེ་བར་འགྱུར་རོ།། དེར་ཡང་དམྱལ་བའི་སྲུངས་མ་རྣམས་ཀྱིས་སྒྲ་ཆེན
140a5 པོའི་ཆོག་སྒྲོགས་ཤིང་མཚོན་ཆ་འབར་བ་སྣ་ཚོགས་པ་བླངས་ནས་ལྗགས་བསྲེགས་ཀྱི་ས་གཞི་ལ་དམྱལ་བའི་སེམས་ཅན་གཅིག་གིས་གཅིག་འདྲུང་བ་དང་། འབར་བའི་ཐིག་ནག་པོས
140a6 འདེབས་པ་དང་། འབར་བའི་མཚོན་ཆ་བཟུང་ནས་ཡང་དག་པར་བསྒྱུར་བ་དང་། ཞིབ་མས་འཆག་པ་བཞིན་དུ་སྤྲེའུ་དང་དགྲ་སྦས་འཇོག་པ་དང་། དེ་རྣམས་ཀྱིས་སྐུ་ཆེན་པོ་སྒྲོགས་ཏེ
140a7 ཞིང་གནས་སོ།། རང་གི་གྲགས་འཐུང་ཞིང་ནང་དུ་དེར་གནས་པ་དེ་ཐོག་ནག་སྟེ་བརྫུན་དུ་སྨྲས་པས་སྐྱེའོ།། དེར་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བའི་ཚེར་རབ་མྱོང་བར་འགྱུར་རོ།།




iiif viewer powered by OpenSeadragon

139b - 140b

Texts on this page

Ty054-007 - bslab pa lnga'i phan yon gyi mdo