| | e-texts navigator
|
139a1 སྩལ་པ། སྐྱེ་བ་ལྔ་བརྒྱར་བུད་མེད་འགྱུར།། དེ་བཞིན་དུ་ནི་མ་ནིང་འགྱུར།། སྒྱུག་ཟོའི་མཛེ་ཅན་ཡང་ཡང་འགྱུར།། ལོག་པར་གཡེམ་པའི་ཉེས་པའོ།། སྐྱེ་བདུ
139a2 མར་ཉེ་བར་འཚེ་བ་དང་།། དགྲ་མང་བར་འགྱུར་བ་དང་། མི་འཛའ་བ་དང་རྟག་ཏུ་ལྷན་ཅིག་ཏུ་གནས་པར་འགྱུར་བ་དང་། ཉལ་བ་དང་ལྡང་བའི་ཚེ་སྡུག་བསྔལ་དང་བཅས་པ་དང་། དུས་རྟག
139a3 ཏུ་ཁྲོ་བ་དང་། མིག་གནོད་པར་བྱེད་པ་དང་། རྟག་ཏུ་ལུས་སྐུབ་པར་འགྲུབ་པ་དང་། འོན་པ་དང་། བྱེ་བ་ནས་སྐྱེ་བར་དམུས་ལོངས་ལ་སོགས་པར་སྐྱེ་བར་འགྱུར་རོ།། རྣམ་པར་འགྱུར་བར
139a4 ངེས་པ་དང་། རྟག་ཏུ་སེམས་མི་དགའ་བར་འགྱུར་བ་དང་། ཕན་ཚུན་དུ་འཐབ་པ་ལ་དགའ་བ་དང་། དགའ་བའི་སེམས་དང་འབྲལ་བར་འགྱུར་རོ།། དེ་ལུས་ཞོག་ནས་ཤི་བའི་ཕ་རོལ་ཏུ་ངུ་འབོད།
139a5 ཆེན་པོའི་དམྱལ་བར་ལྷུང་ཞིང་སྐྱེ་བར་འགྱུར་རོ།། དེར་ཡང་དེ་ལ་སྡུག་བསྔལ་དྲག་པ་དང་། རྩུབ་པ་དང་། ཚ་བ་ཉམས་སུ་མྱོང་བར་འགྱུར་རོ།། འདོད་པ་ལོག་པར་གཡེམ་པའི་རྣམ་པར་སྨིན
139a6 པའོ།། ལོག་པར་གཡེམ་པ་སྤངས་པ་ཡི།། སྐྱེས་པའམ་ནི་བུད་མེད་ཀྱིས།། ཐོབ་པར་འགྱུར་ཏེ་ཕན་ལོ་ན་ནི།། ཡོན་ཏན་ཉི་ཤུ་མི་དམན་པ།། དེ་ལ་དགྲ་ནི་མེད་པ་དང་།། འཇིག་རྟེན
139a7 ཐམས་ཅད་དགའ་བ་དང་།། བཟའ་དང་བཏུང་བ་རྙེད་པ་སླ།། གོས་དང་སྟན་དང་གནས་རྣམས་དང་།། བདེ་བར་ཉལ་དང་བདེ་བར་འདུག། དེ་ནི་བདེ་བར་ལྡང་བ་དང་།། ངན་སོང་འཇིགས
iiif viewer powered by OpenSeadragon
138b - 139b