| | e-texts navigator
|
138b1 ཚགས་པའི་མཚོན་གྱིས་བར་ཆུང་ངུ་གསོད་ཅིང་ད། དེ་ནི་ཤལ་མ་ལའི་ཤིང་གི་ནགས་ལ་ཤོན་ནོ།། ལོ་སྟོང་ཟག་མང་པོར་ཤིང་གི་ཚེར་མལ་འཇོག་གོ།། གཞན་ཡང་དམྱལ་བའི་སྲུངས་པ་རྣམས་ཀྱིས
138b2 མཚོན་བླངས་ནས་བརྒྱབ་པས་ངུ་ཞིང་མགོ་ཐུར་ལ་བསྟན་ནས་ལྷུང་ངོ་།། ལྷུང་བའི་དུས་སུ་ལྕགས་བསྲེགས་ཀྱིས་གསལ་ཤིང་བཙུགས་པ་རྣམས་ལ་ལྷུང་ངོ་།། དེ་རྣམས་བཤང་ལམ་ནས་འཐོར
138b3 པས། དེ་རྣམས་ཀྱིས་སྡུག་བསྔལ་མྱོང་བར་འགྱུར་རོ།། རྒྱུན་དུ་དྲ་ཞིང་དཔག་ཚད་དྲུག་ཅུ་པའི་ལྕགས་ཀྱི་བུམ་པར་བསྐལ་པ་གཅིག་ཏུ་སྡོད་དོ།། མེ་མདག་གིས་ཡོངས་སུ་གང་བར་དམྱལ་བའི
138b4 སྲུངས་མ་རྣམས་ཀྱིས་ཁར་ལྡུགས་སོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིནགས་བརྩེགས་པ་མཉམ་ཞིང་མཐོ།། ཤིང་ནི་ཚེར་མར་བཅས་པ་དང་།། ལྕགས་ཀྱི་ཚེར་མནོན
138b5 བཻ་ཡི།། འཇིག་རྟེན་མི་ལ་བདེ་བ་མེད།། ཤིང་གི་རྩེ་མོར་གནས་པ་ཡི།། དུས་ཀྱི་ཆུང་མས་ཅི་ཞིག་བྱ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདོད་པ་རྣམས
138b6 ལ་ལོག་པར་གཡེམ་པ་ནི། སྦྲུལ་དུག་ཅན་དང་འདྲ་བར་བལྟ་བར་བྱའོ།། དམྱལ་བར་འཇུག་པ་དང་། ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་རོ།།
138b7 གང་ཞིག་འདོད་པ་རྣམས་ལ་ལོག་པར་གཡེམ་པའི་རྣམ་པར་སྨིན་པ་ནི་ཤིན་ཏུ་ཆེན་པོའོ།། དེ་མིར་སྐྱེས་ཀྱང་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ
iiif viewer powered by OpenSeadragon
138a - 139a