| | e-texts navigator
|
136a1 པ་ལྔ་པོ་བསྲུང་བར་བྱའོ།། འདི་ལྟ་ལྟེ། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པ་ལོག་པར་གཡེམ་པ་སྤོང་བ་དང་བརྫུན་དུ་སྨྲ་བ།
136a2 སྤོང་བ་དང་། མྱོས་པར་འགྱུར་བའི་ཆང་གི་བཏུང་བ་སྤོང་བའོ།། བསླབ་པ་ལྔ་འདི་ནི་བསྲུང་བར་བྱའོ།། དེ་ནས་ཡང་དགེ་སློང་རྣམས་ཀྱིས་ཚུལ་ཁྲིམས་ལྔ་ཡི་ཕན་ཡོན་ནུས་པ།
136a3 གཞན་ཡང་བཙུན་པ་བཅོམ་ལྡན་འདས་སྲོག་གཅོད་པ་སྤངས་པའི་རྣམ་པར་སྨིན་པ་ཇི་ལྟར་ཤེས་པར་བགྱི།། མ་བྱིན་པར་ལེན་པ་སྤངས་པའི་རྣམ་པར་སྨིན་པ་ཇི་ལྟར་ཤེས་པར་བགྱིའོ་འདོད་པ
136a4 ལོག་པར་གཡེམ་པ་སྤངས་པའི་རྣམ་པར་སྨིན་པ་ཇི་ལྟར་ཤེས་པ་བགྱི། བརྫུན་དུ་སྨྲ་བ་སྤངས་པའི་རྣམ་པར་སྨིན་པ་ཇི་ལྟར་ཤེས་པར་བགྱི། མྱོས་པར་འགྱུར་བའི་ཆང་གི་བཏུང་བ་སྤངས་པའི
136a5 རྣམ་པར་སྨིན་པ་ཇི་ལྟར་ཤེས་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱིས་དྲིས་པ་དེ་བསྟན་ཅིང་རྟོགས་པར་བྱ་བའི་ཕྱིར་བཀའ་སྩལ་པ། དགེ་སློང་དག་སྲོ་གཅོད་པ་ནི་སྦྲུལ་དུག
136a6 ཅན་དང་འདྲ་བར་བལྟ་བར་བྱའོ།། སྡིག་པ་དུ་མ་དང་ལྡན་པ་དང་། ཡི་དགས་ཀྱི་སྐྱེ་གནས་སུ་སྐྱེ་བ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་དང་། དམྱལ་བའི་སྐྱེ་གནས་སུ་བྱེ་བར་འགྱུར་ཏེ། དེའི་ལུཿ
136a7 ཞིག་ནས་ཤི་བའི་ཕ་རོལ་ཏུ་དམྱལ་བ་ཡང་སོས་སུ་སྐྱེའོ།། དེ་ནི་དམྱལ་བ་ཡང་སོས་དམྱལ་བའི་སྲུངས་མས་ཡང་དག་པར་བསྲེག་པ་དང་། མཚོན་སྣ་ཚོགས་པ་བཟུང་ནས་དུམ་བུར་གཅོད་ཅིང
iiif viewer powered by OpenSeadragon
135b - 136b