e-texts navigator
Collection
Volume
Page
Wylie

135b1 བཅོམ་ལྡན་འདས་ལ་འདི་སྐད་གསོལ་ཏོ།། གང་གི་ཚེ་བཙུན་པ་བཅོམ་ལྡན་འདས་ཕན་ཀུ་ལའི་ཁྱིམ་བདག་གནོན་ནུའི་དུས་སུ་བདག་གཞོན་ནུ་མབླངས་སོ།། བན་ཀུ་ལའི་ཁྱིམ་བདག་ལས་འདོད་པ
135b2 ལོག་པར་གཡེམ་པའི་སེམས་མ་སྐྱེས་སོ།། ལུས་ཀྱི་སྒྲོན་མ་བྱུང་བ་གང་ལས་བཙུན་པ་བཅོམ་ལྡན་འདས་མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་ངོ་།། སྐྱེ་བ་གཞན་དུ་ཕན་ཚུན་དུ་མཐོང་བར་བདག
135b3 འདོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དང་ཁྱིམ་བདག་མོ་གཉིས་པོ་ལ་འདོད་པ་ཡོད་པར་གྱུར་པས། མཐོང་བའི་ཆོས་འདི་ལ་ཕར་ཚུན་དུ་མཐོང་བར་གྱུར་ཏོ།།
135b4 སྐྱེ་བ་གཞན་དུ་མཐོང་བར་འགྱུར་རོ།། གཉིས་པོ་དག་དད་པ་མཉམ་པ་དང་། ཚུལ་ཁྲིམས་མཉམ་པ་དང་། གཏོང་བ་མཉམ་པ་དང་། ཤེས་རབ་མྱཉམ་པ་རྣམས་ཀྱིས་མཐོང་བའི་ཆོས་འདི་ལ
135b5 ཕན་ཚུ་དུ་མཐོང་བར་གྱུར་ཏོ།། སྐྱེ་བ་གཞན་དུ་མཐོང་བར་འགྱུར་རོ།། ཡང་ཚིགས་སུ་བཅད་པ་འདི་བཀའ་སྩལ་ཏོ།། གཉིས་ཀ་དང་དང་ཆོས་ཚིག་དང་།། མཉམ་དང་ཆོས་ཀྱི་འཚེ་བ་དང་།
135b6 ཕན་ཚུན་དུ་ནི་དགའ་བའི་ཚིག། དེ་ལྟར་སྐྱེས་པ་བུད་མེད་གཅིག། ནོར་མང་དང་ནི་ལྡན་པ་དང་།། གནས་ནི་བཟང་པོར་སྐྱེ་བར་འགྱུར།། དགྲ་ནི་དེ་ལ་དགའ་བ་དང་།། གཉིས་ཀ་མཉམ་པའི
135b7 ཚུལ་ཁྲིམས་ཀྱིས།། འདི་ལྟར་ཆོས་ནི་སྦྱང་བ་དང་།། གཉིས་ཀ་ཚུལ་ཁྲིམས་ལྡན་པ་དང་།། འདོད་ཅིང་འདོད་ལ་ཡི་རང་བས།། ལྷ་ཡི་གནས་སུ་དགའ་བར་འགྱུར།། དེའི་ཕྱིར་བསླབ་པ་རྣམས




iiif viewer powered by OpenSeadragon

135a - 136a

Texts on this page

Ty054-007 - bslab pa lnga'i phan yon gyi mdo