| | e-texts navigator
|
104a1 @ཐུབ་ཀྱི་དུས་སུ། ཚོང་དཔོན་དྲུག་པོ་ཞེས་བྱ་བས་གསེར་གྱི་རུས་སྦལ་རྒྱུན་མི་འཆད་པ་ལྟ་བུའི་ས་གཞི་ཉོས་ནས་གནས་དེ་ཉིད་དུ་རྒྱང་གྲགས་གཉིས་ཀྱི་ཚད་ཀྱི་ཀུན་དགའ་བ་བ་བྱས
104a2 སོ། བཅོམ་ལྡན་འདས་འོད་སྲུངས་ཀྱི་དུས་སུ་ཚོང་དཔོར་བཀྲ་ཤིས་བཟང་པོ་ཞེས་བྱ་བས་གསེར་གྱི་ཕ་གུ་རྒྱུན་མི་འཆད་པ་ལྟ་བུས་ས་བཞི་ཉོས་ནས་གནས་དེ་ཉིད་དུ་རྒྱང་གྲགས་གཅིག་གི་ཚད་ཀྱི་ཀུན
104a3 དགའ་ར་བ་བྱས་སོ།། སླར་ཡང་བདག་ཅག་གི་བཅོམ་ལྡན་འདས་ཀྱི་དུས་སུ། ཚོང་དཔོན་མགོན་མེད་ཟས་སྦྱིན་གྱིས་བྱེ་བ་ཕྲག་བཅོ་བརྒྱད་ཀྱི་དབྱིག་གིས་གསེར་གྱི་འདྲ་མེན་དུ་བྱས་པ་རྒྱུན་མི་འཆད་པ་ལྟ་བུ།
104a4 ས་གཞི་ཉོས་ནས་གནས་དེ་ཉིད་དུ་རྒྱུང་གྲགས་ཕྱེད་ཀྱི་ཀུན་དགའ་རབ་བྱས་སོ།། གནས་འདི་སངས་རྒྱས་ཐམས་ཅད་ཀྱིས་མ་སྤངས་པའི་གནས་ཡིན་ནོ།། འདི་ལྟར་བྱང་ཆུབ་ཆེན་པོའི་སྙིང་པོའི་དྲུང་དུ་ཐམ།
104a5 ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ཇི་སྲིད་པ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་མཐར་ཐུག་པ་དེ་སྲིད་དུ་གང་དང་གང་གིས་གནས་སྲ་བཅོམ་ལྡན་འདས་བདག་བཞུགས་པ་འདི་ནི་ཉེ་བའི་གླེང་གཞི་ཞེས་བྱ
104a6 པའོ།། དེའི་ལུགས་ཀྱིས་སྐྱེ་རབས་ཐམས་ཅད་དུ་བསྔགས་པར་མཛད་དོ།། སྐྱེས་པ་རབས་ཀྱི་གླེང་གཞི་བཤད་པ་རྫོགས་སོ།། ། པཎྜི་ཏ་ཨ་ནནྡ་ཤཱིའི་ཞལ་སྔ་ནས་དང་། མཿ
104a7 དུ་ཐོས་པའི་ལོ་ཙྪ་བ་ཤཱཀྱའི་དགེ་སློང་ཅིམ་རྒྱལ་མཚན་དཔལ་བཟང་པོས། སྐད་གཉིས་སྨྲ་བ་རྣམས་ཀྱི་གདན་ས་གཙུག་ལག་ཁང་ཆེན་པོ་དཔལ་ཐར་པ་གླིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
iiif viewer powered by OpenSeadragon
103b - 104b