| | e-texts navigator
|
382a1 པདེ་འགྲུབ་པར་འགྱུར་རོ།། སུམ་ཅུ་རྩ་གསུམ་དང་། འཐའ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས
382a2 དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ། མལ་ཀྱེ་མ་བདག་མཆིངས་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་གྱུར་ཅིག།
382a3 ཅེ་ན། དེའི་སྨོན་པ་དེ་འགྲིབ་པར་འགྱུར་རོ།། ཚངས་པའི་མདུན་ན་འདོན་པ་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ།
382a4 དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་བ་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་། ལེགས་པར་མཐོང་དང་། འོག་མིན་གྱི
382a5 རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས
382a6 དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། ཅིའང་མེད་པའི་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ།
382a7 མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་པ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་འདོད་དེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱའོ།།
iiif viewer powered by OpenSeadragon
381b - 382b