| | e-texts navigator
|
370b1 འདི་ནི་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་མ་ཐག་ཏུ་མཆི་འཕོ་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་གྱུར་ལ། བྷིས་སྡུག
370b2 བསྔལ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་སྦྱིན་པ་ནི། ཡིད་རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ལ་བྱིན་ནས་ནི་འགྱོད་པ་ཡིན་ཏེ། གང་ཟག་དེ་གང
370b3 མི་རྣམས་ཀྱི་ནང་དུ་སྐྱེ་བ་ན་ཕྱུག་པ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བ་དང་། ནོར་དང་ཡོ་བྱད་མང་བ་དང་། བདག་དབང་བ་མང་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི
370b4 གཉེན་མ་རྣམས་མང་བ་དང་། མཛོད་དང་བདྲ་བ་ཡོངས་སུ་གང་བའི་ཁྱིམ་རྣམས་སུ་སྐྱེ་བར་འགྱུར་ཏེ། ཁྱིམ་དེ་ལྟ་བུ་དག་ཏུ་སྐྱེས་ནས། ཤིན་ཏུ་སྒྱིད་ལ་བཞོན་པ་ལ་ཞོན་ཞིང་བདེ་བར་སྐྱེད་ལ། དོམ
370b5 ལོངས་སྤྱོད་དེ་དག་ཕྱིས་ཡོངས་སུ་ཉམས་ཤིང་ཡོངས་སུ་ཟད་པར་འགྱུར་ཏེ། དེའི་གཞིས་སྡུག་བསྔལ་བར་འགྱུར་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་འགྱུར་ལ
370b6 བྱིས་སྡུག་བསྔལ་བར་འགྱུར་བའི་ལས་སོ།། །། ལས་རྣམ་པར་འབྱེད་པ་ཞེས་བྱ་བ་བམ་པོ་གཉིས་པ་སྟེ་ཐ་མའོ།། །། དེ་ལ་ལས་གང་དང
370b7 ལྡན་ན། གང་ཟག་སྔར་སྡུག་བསྔལ་བར་གྱུར་ལ། ཕྱིས་བདེ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་སྦྱིན་པ་ན། སྡུག་བསྔལ་བར་འཇུག་ཅིང་།། སྡུག་བསྔལ་བར
iiif viewer powered by OpenSeadragon
370a - 371a