e-texts navigator
Collection
Volume
Page
Wylie

369b1 ཡོངས་སུ་རྫོགས་པར་བྱས་ཤིང་། ཚིག་ཏུ་ཡང་ལས་འདི་བྱའོ་ཞེས་སྨྲས་ལ། དེ་མ་བྱས་པ་སྟེ། ལས་འདི་ནི་བསགས་ལ་མ་བྱས་པའོ།། དེ་ལ་བྱས་ལ་བསགས་པའི་ལས་གང་ཞེ་ན
369b2 ལས་གང་བྱིས་ནས་ངོ་མི་ཚ་བ་དང་། མི་འཛེམ་པ་དང་། མི་འགྱོད་པ་དང་། མི་སྨོད་པ་དང་། མི་འཆགས་པ་དང་། མི་འཐོལ་བ་དང་། མི་འདོར་བ་དང་། མི་སྤོང་བ་དང་། མ་འོངས་པ་ན
369b3 སྡོམ་པར་མི་བྱེད་པ་སྟེ། ལས་འདི་ནི་བྱས་ལ་བསགས་པའོ།། དེ་ལ་མ་བྱས་ལ་མ་བསགས་པའི་ལས་གང་ཞེ་ན། ལས་གུང་ཆེད་དུ་མ་བསམ་པར་བྱས་པ་སྟེ། ལས་འདི་ནི་མ་བྱས་ལམ།
369b4 བསགས་པའོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བ་པའི་ཚེ་ཡོངས་སུ་རྫོགས་པས་ཟད་པར་བྱས་ནས། འཆི་འཕོ་བའི
369b5 ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སེམས་ཅན་དམྱལ་བར་འགྱུར་བའི་ལས་བྱིས་ཤིང་བསགས་པར་གྱུར་ལ། དེ་ལས་དེས་ངོ་མཚ་བ་དང་། མི་འཛེམ་པ་དང་། མི་འགྱོད་པ་དང
369b6 མི་སྨོད་པ་དང་། མི་འཆགས་པ་དང་། མི་འཐོལ་བ་དང་། མི་འདོར་བ་དང་། མི་སྤོང་བ་དང་། མིག་ཤུང་བ་དང་། སྨོད་པར་མི་བྱེད་པ་དང་། ཡང་གནོད་པར་བྱའོ་ཞེས་ཤར་གཉེར་བ་ཚོལ་བ་སྟེ།
369b7 དཔེར་ན་ལྷ་སྦྱིན་ལྟ་བུའོ།། འདི་ནི་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། སེམས་ཅན་དམྱལ་བ་པའི་ཚེ་ཡོངས་སུ་རྫོགས་པར་ཟད་པར་བྱས་ནས་འཆི།།




iiif viewer powered by OpenSeadragon

369a - 370a

Texts on this page

Ty053-006 - las rnam par 'byed pa