| | e-texts navigator
|
360a1 སྐད་ཅེས་གསོལ་ཏོ།། གོའུ་ཏ་མ་ཁྱོད་ཀྱིས་ཁྱི་དུང་ཚེ་སྔ་མ་ལ་བདག་གི་ཅིར་མཆི་མཁྱེན་ཏམ། བཅོམ་ལྡན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་དུ་ཏོའུ་ཏེ་ལའི
360a2 བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྲམ་ཟེའི་ཁྱེའུ་ཁ་རོག་འདུག་ལ་ང་ལ་དོན་འདི་མ་འདྲི་ཞིག། ཁྱོད་ཀུན་ཏུ་གནོད་སེམས་སུ་འགྱུར་བ་དང་ག་མི་བཟོད་པ་དང་། སེམས་ཡིད
360a3 མི་བདེ་བར་འགྱུར་དུ་འོང་ངོ་།། བྲམ་ཟེའི་ཁྱེའུ་ཁྱོད་ལན་གསུམ་གྱི་བར་དུ་དོན་ངེས་པར་མ་ཐོབ་པས་འདྲིན། དེའི་ཕྱིར་བྲམ་ཟེའི་ཁྱེའུ་ལེགས་པར་རབ་ཏུ་ཉོན་ལ་ཟུང་ཞིག་དང་བཤད་དོ།། བྲམ་ཟེའི་ཁྱེ
360a4 ཁྱོད་ཀྱི་པ་ཏོའུ་ཏེ་ཡ་གང་ཡིན་པ་དེ་ལུས་དང་བྲལ་ནས་དམན་པ་ཁྱིའི་གནས་སུ་སྐྱེས་སོ།། ཀྱེ་གོའུ་ཏ་མ་བདག་གི་པཽ་ཏོའུ་ཏེ་ཡི་ནི་མཆོད་སྦྱིན་བགྱིས་པ། སྦྱིན་སྲེག་བགྱིས་པ། ཆོས་སྡོང་བསྒྲེང་བ་ལགས
360a5 ན། དེ་ཅིའི་སླད་དུ་འདི་ལྟར་འགྱུར། དེ་ནི་ལུས་དང་བྲལ་ནས་ཚངས་པའི་འཇིག་རྟེན་བཟང་པོར་སྐྱེ་བར་འགྱུར་རོ།། བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་པ་ཏོའུ་ཏེ་ཡ་ནི། ང་རྒྱལ་ལས་ང་རྒྱལ་ཉིད་ཀྱིས་དམན་པ་ཁྱིའི་གནས།
360a6 སུ་སྐྱེས་སོ།། བྲམ་ཟེའི་ཁྱེའུ་གལ་ཏེ་ངས་སྨྲས་པ་ལ་ཡིད་མི་ཆེས་ན། བྲམ་ཟེའི་ཁྱེའུ་ཁྱོད་དེའི་ཕྱིར་རང་གི་ཁྱིམ་དུ་སོང་ལ་ཕྱིན་པ་དང་། ཁྱི་དུང་ལ་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་པ་ཏོའུ་ཏེ
360a7 གྱུར་པ་སྟན། རས་ཀོ་ནི་ཀ་བཏིང་བའི་ཁྲི་ལ་འདུག་ཅིག་ཅེས་སྨོས་ཤིག། ཁྲི་ལ་འདུག་པ་དང་ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཆེ་སྔ་མ་ལ་ངའི་ཁ་ཏོའུ་ཏེ་ཡར་གྱུར་པ་ལྟ་ན། འཁར་གནོང་རྡོ་བའི་ཁར་བླངས
iiif viewer powered by OpenSeadragon
359b - 360b