| | e-texts navigator
|
358a1 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ།
358a2 རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ཤམ་ཐབས་མནབས། ལྷུང་བཟེད་བསྣམས་ཏེ། མཉན་དུ་ཡོད
358a3 པར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས། མཐར་ཆགས་སུ་མཉན་དུ་ཡོད་པར་བསོད་སྙོམས་པ་ཞེས་ཏེ། ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོའི་ཁྱིམ་ག་ལ་བ་དེར་གཤེགས་སོ།། དེའི་ཚེ།
358a4 ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོའི་ཁྱིམ་དེ་ན། ཁྲི་རས་ཀོ་ནི་ཀ་བཏིང་བའི་སྟེང་ན། ཁྱི་དུང་ཞེས་བྱ་བ་འདུག་སྟེ། འཁར་གཞོང་རྡོ་བ་ཁར་བླངས་པ་ལ། འབྲས་ཆན་དང་། ཤ་བ་སྲེས་པའི་ཁྲུ
358a5 མ་འཐུང་བ་ལས། ཁྱི་དུང་གིས། བཅོམ་ལྡན་འདས་སྒོ་དྲུང་ན་བཞུགས་པ་མཐོང་སྟེ། མཐོང་ནས་ཀྱང་བའུ་ཞེས་ཟུགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱི་དུང་ལ་འདི་སྐད་ཅེས
358a6 བཀའ་སྩལ་ཏེ། ཁྱི་དུང་ཁྱོད་ཀྱི་ཞེས་བྱ་བ་ལས་འའུ་ཞེས་ཟུགས་པར་གྱུར་ན། དེས་ཀྱང་མ་དུལ་ལམ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ། ཡི་མ
358a7 རངས་ནས་རས་ཀོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲའི་འོག་ན་གཏོར་ཁུང་གི་ཤོང་གི་ཝ་ལ་འདུག་གོ།། དེའི་ཚེ་ཏོའུ་ཏེ་ཡའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙེ་བྱ་བ་ཞིག་གི་ཕྱིར་ཕྱི་རོལ་དུ་བྱུང་བ་ལས།
iiif viewer powered by OpenSeadragon
357b - 358b