e-texts navigator
Collection
Volume
Page
Wylie

357b1 ཞེ་ན། སྨྲས་པ། ལྡན་པར་ནི་མི་འགྱུར་རོ།། ཉེ་དུ་མ་ཡིན་པའི་བུད་མེད་དུ་འདུ་ཤེས་པས། ཉེ་དུ་མ་ཡིན་པའི་བུད་མེད་གསད་པར་བྱའོ་སྙམ་པ་ལས་མ་བསད་པར་གྱུར་ན། དེ་ཅི་མཚམས་མེད་པའི
357b2 ལས་དང་ལྡན་པར་འགྱུར་རམ། འོན་ཏེ་ལྡན་པར་མི་འགྱུར་ཞེ་ན། སྨྲས་པ། ལྡན་པར་མི་འགྱུར་རོ།། ཉེ་དུ་མ་ཡིན་པའི་བུད་མེད་ཡིན་པར་འདུ་ཤེས་པས། ཉེ་དུ་མ་ཡིན་པའི་མུད་མེད་བསད་ན། དེ་ཅི
357b3 མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེ་ན། སྨྲས་པ། གལ་ཏེ་དགྲ་བཅོམ་མ་བསད་པར་གྱུར་ན་ནི། དེ་ལྡན་པར་འགྱུར་རོ།། དེ་ལྟ་མ་ཡིན་ན་ནི་མི་འགྱུར་རོ།། མ
357b4 འདུ་ཤེས་པས་མ་ཉིད་བསད་ན། དེ་ཅི་མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རམ། འོན་ཏེ་མི་འགྱུར་ཞེ་ན། སྨྲས་པ། མཚམས་མེད་པའི་ལས་དང་ལྡན་པར་འགྱུར་རོ།། མ་ཇི་ལྟ་བ
357b5 བཞིན་དུ་ཕའང་དེ་དང་འདྲའོ།། །། སྤྱི་སྡོམ་ནི། མེད་དུ་བྱས་དང་རྩ་བ་དང་། རྒྱུ་མེད་པ་དང་ཆུང་ངུ་དང་། ལས་དང་ཡང་དག་མ་བསྡམས་པ། དེ་ཡི་གཞི་དང་སུམ་ཅུ་དྲུག
357b6 འདས་པའི་རྒྱུ་ལས་བྱུང་བ་དང་།། རྩ་བ་ཟད་དང་ཚེ་ཟད་པའོ།། ཆོས་མངོན་པ་ལས། ལས་གདགས་པ་བཤད་པ་ཚིགས་བཅུ་གཅིག་པ་སྟེ་ལས་གདགས་པ་བཤད་པ་གསུམ་པ་རྫོགས་སོ།། །
357b7 རྒྱ་གར་སྐད་དུ། ཀརྨྨ་བི་བྷ་ཀ། བོད་སྐད་དུ། ལས་རྣམ་པར་འབྱེད་པ།། །། བམ་པོ་དང་པོ།




iiif viewer powered by OpenSeadragon

357a - 358a

Texts on this page

Ty053-005 - las gdags pa
Ty053-006 - las rnam par 'byed pa