| | e-texts navigator
|
273a1 གང་མི་མཐོང་བ་དེ་ནི་མ་སྨྲ་ཞིག་ཅེས་བྱས་ན་དེ་མི་ཤེས་བཞིན་དུ་ནི་ཤེས་སོ་ཞེས་ཟེར། ཤེས་བཞིན་དུ་ནི་མི་ཤེས་སོ་ཞེས་ཟེར། མ་མཐོང་བཞིན་དུ་ནི་མཐོང
273a2 རོ་ཞེས་ཟེར། མཐོང་བཞིན་དུ་ནི་མ་མཐོང་ཞེས་ཟེར་ཏེ། དེ་བདག་གི་ཕྱིར་རམ། གཞན་གྱི་ཕྱིར་རམ། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་ཤེས་བཞིན་དུ་བརྫུན་དུ་སྨྲ་བ་མ་སྤངས་པ་ཡིན་ནོ།།
273a3 བྲམ་ཟེར་བ་ནི་ཚུ་རོལ་པ་རྣམས་ཀྱིས་ཐོས་ནས་དེ་དག་དབྱེ་བའི་ཕྱིར་ཕ་རོལ་པོ་རྣམས་ཀྱི་ཐད་དུ་སོང་སྟེ་བསྙད་ལ། དེ་དག་གིས་ཐོས་ནའང་ཚུ་རོལ་པ་རྣམས་དེ་བྱེ་བོའི་ཕྱིར་ཚུ་རོལ་པ་རྣམས་ཀྱི་ཐེད
273a4 དུ་སོང་སྟེ་བསྙད་པར་བྱེད་དེ། དེ་ལྟར་བཟླུམས་པ་རྣམས་དབྱེ་བ་དང་། དབྱེ་བ་རྣམས་ལ་རྗེས་སུ་ཕྱོགས་ལ་མི་མཐུན་པར་འདོད་ཅིང་། མི་མཐུན་པར་དགའ་སྟེ། མི་མཐུན་པར་འགྱུར་བའི་ཚིག།
273a5 སྨྲ་བ་ནི། ཕྲ་མ་མ་སྤངས་པ་ཡིན་ནོ།། ཚིག་རྩུབ་པོར་སྨྲ་བ་ནི་དེས་ཚིག་འཇམ་ཞིང་རྣར་སྙན་ལ། ཡིད་དུ་འོང་བ་དང་། སྙན་པ་དང་། འདོད་པར་བྱ་བ་དང་། ཕོ་བྲང་འཁོར་གྱི་སྐད་དང
273a6 སྙན་ཅིང་འཇེབས་པ་དང་། ཟུར་བྱིན་པ་དང་། བརྡར་ཕྲད་པ་དང་། རྣ་བར་འོང་བ་དང་། སྐྱེ་བོ་མང་པོའི་སྙིང་དུ་སྡུག་པ་དང་། སྐྱེ་བོ་མང་པོའི་གཅེས་པར་བྱ་བ་དང་། སྐྱེ་བོ་མང་པོ་དགའ
273a7 བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། མཉམ་པར་གཞག་པ་དང་། ཏིང་ངེ་འཛིན་དུ་འགྱུར་བ་གང་ཡིན་པ་དེ་དག་དང་། དེ་ལྟ་བུའི་ཚིག་བོར་ཏེ་ཚིག་ཀུན་ཏུ་བཟུང་བ་དང་། རྩུབ་པ་དང
iiif viewer powered by OpenSeadragon
272b - 273b