e-texts navigator
Collection
Volume
Page
Wylie

272b1 པར་གཡེམ་པ་ནི་གཞན་གྱི་བུད་མེད་གཞན་གྱི་ཆུང་མ་གཞན་གྱིས་ཡོངས་སུ་བཟུང་བ་འདི་ལྟ་སྟེ། མས་བསྲུངས་པ་འམ། པས་བསྲུངས་པ་འམ། མིང་པོས་བསྲུངས་པའམ
272b2 ཕུ་ནུས་མོས་བསྲུངས་པའམ། སྒྱུག་མོས་བསྲུངས་པ་འམ། གྱོས་པོས་བསྲུངས་པའམ། རིགས་གཅིག་པས་བསྲུངས་པ་འམ། གཉེན་གྱིས་བསྲུངས་པའམ། རུས་གཅིག
272b3 པས་བསྲུངས་པའམ། ཆད་པ་ཡོད་པ་འམ། བགེགས་ཡོད་པ་གང་ཡིན་པ་དེ་དག་དང་། ཐ་ན་མེ་ཏོག་གི་འཕྲེང་བ་བཏགས་པའང་རུང་སྟེ། དེ་ལྟ་བུའི་འདོད་པའི་ཉེ་བར་ཉོན་མོངས་པ
272b4 རྣམས་ཀྱིས་སྤྱོད་པ་ལ་འཇུག་པ་ཡིན་ཏེ། དེ་ནི་འདོད་པ་ལ་ལོག་པར་གཡེམ་པ་མ་སྤངས་པ་ཡིན་ནོ།། དགེ་སློང་དག་དེ་ལྟར་ན་ཆེད་དུ་བྱས་པའི་ལས་རྣམ་པ་གསུམ་བྱས་ཤིང་བསགས
272b5 པ་མི་དགེ་བ། སྡུག་བསྔལ་བསྐྱེད་པ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནོ།། དགེ་སློང་དག་ངག་གིས་ཆེད་དུ་བྱས་པའི་ལས་རྣམ་པ་བཞི་བྱས་ཤིང་བསགས་པ། མི་དགེ་བ་སྡུག
272b6 བསྔལ་བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ཇི་ལྟ་བུ་ཞེ་ན། བརྫུན་དུ་སྨྲ་བ་ནི་དེ་ནི་ཚོགས་པའི་ནང་ན་འདུག་ཀྱང་རུང་། འཁོར་གྱི་ནང་ན་འདུག་ཀྱང་རུང་། རྒྱལ་པོའི་ཕོ་བྲང་གི་ན་ན
272b7 འདུག་ཀྱང་རུང་། གཉེན་གྱི་ཁྱིམ་གྱི་ནང་ན་འདུག་ཀྱང་རུང་། ཆེ་བཞིར་དྲིས་ཏེ། ཀྱེ་མི་ཁྱོད་གང་ཤེས་པ་དེ་ནི་སྨྲོས་ཤིག། གང་མི་ཤེས་པ་ནི་མ་སྨྲ་ཞིག། གང་མཐོང་བ་དེ་ནི་སྨྲོས་ཤིག




iiif viewer powered by OpenSeadragon

272a - 273a

Texts on this page

Ty053-005 - las gdags pa