e-texts navigator
Collection
Volume
Page
Wylie

264b1 སྤྱན་གྱིས་མི་གཟིགས་པ་མ་མཆིས་ན། འབྲས་ཀྱི་བུར་མ་འདི་དག་མི་དབྱེ་བར་ཤཱཀྱ་གང་གང་གི་འབྲས་གང་གང་ལགས་པ་གཟིགས་པར་མཛོད་ཅིག་ཅེས་གསོལ་ནསགླང་བ་རྣན།
264b2 ཁལ་གྱི་འབྲས་ཀྱི་བུར་མ་རྣམས་དྲུང་དུ་བཞག་པ་ལས་བཅོམ་ལྡན་འདས་ཀྱིས་འབྲས་ཀྱི་ཕུར་མ་རེ་རེ་སྤངས་ཤིང་འདི་ཤཱཀྱ་དགྲ་བྱེད་ཀྱིའོ།། འདི་ཤཱཀྱ་ཀ་ཡའི་འོ།། འདི
264b3 ཤཱཀྱ་འདོད་སྲེད་ཀྱིའོ་ཞེས་བྱ་བ་ལ་སོགས་པ་འབྲས་བུར་མ་རེ་རེ་ལ་ཤཱཀྱ་འདིའི་འོ་ཞེས་མིང་མ་ནོར་བར་རིམ་པར་རྫོགས་པར་གསུངས་པ་ལས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི
264b4 སྤྱན་གྱིས་ཐམས་ཅད་གཟིགས་པ་ལ་ཤཱཀྱ་མིང་ཆེན་ལ་སོགས་པ་ཐམས་ཅད་ཡིད་ཆེས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་འཕོས་པ་ཅིར་འགྱུར་བ་བཤད་པ་ནི་ངེས་སོ་སྙམ་ནས། བཅོམ
264b5 ལྡན་འདས་ལ་བསྟོད་པ། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས།། འཇིག་རྟེན་པ་ལྟར་བརྫུན་མི་མངའ།། ཤཱཀྱའི་གྲོང་ཁྱེར་ཇི་སྙེད་པའི།། འབྲས་ཀྱི་ཕུར་མ་མ་ནོར
264b6 མཁྱེན།། སེམས་ཅན་ཚེ་འཕོས་ཕ་རོལ་ནོ།། ཇི་ལྟར་སྣང་བ་འཇིག་རྟེན་བརྫུན།། བཅོམ་ལྡན་འདས་ཀྱིས་གསུངས་པ་མེང་།། ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད།
264b7 ནས་སྤོབས་པ་མེད་དེ་མི་སྨྲ་བར་འདུག་གོ།། དེ་ནས་ཡབ་རྒྱལ་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས




iiif viewer powered by OpenSeadragon

264a - 265a

Texts on this page

Ty053-003 - tshe 'pho ba ji ltar 'gyur ba zhus pa'i mdo