e-texts navigator
Collection
Volume
Page
Wylie

291a1 བཟང་།། གསེར་གྱི་རི་ལག་ཡུ་ཡི་ཁྲོན་བབས་ཀྱང་།། ནོར་གྱི་དབྱིག་ཏུ་སེམས་ཀྱིས་ཆོག་ཤེས་བཟུང་།། སྟོང་ཞིང་དབེན་པའི་གནས་ནི་ཀུན་དུ་འདེ།
291a2 ཆོག་ཤེས་ཁྲེལ་འཛེམ་གོས་ནི་ཀུན་ལ་སྙོམས་པར་དྲོ།། མི་རྟོག་རྣམ་གྲོལ་ཟས་ནི་སྨན་དང་བཅུད།། ཡང་དག་བདེ་བར་འཚོ་ཡིས་རྒྱལ་པོ་ཁྱོད་ཀྱང་དེང་།། དེ་སྐད་ཅེས་གསུངས་པ།།
291a3 རྒྱལ་པོ་དགའ་བའི་འོད་ཀྱིས་བསམས་པ། བཙུན་པ་དད་པ་སྐྱེས་ནས་རབ་ཏུ་བྱུང་བ་ལ། སླར་ཟློག་པའི་གྲོས་ངན་པ་འདེབས་པ་འདི་ནི་ཐི་བུར་ཡང་མ་ལེགས་སོ་སྙམ་ནས། ཡང
291a4 ཞུས་པ། ཀྱེ་བཙུན་པ་ཡོན་ཏན་ཆེན་པོའི་གནས་ཁྱོད་ལ།། བློ་གྲོས་ངན་པས་འཁྲུལ་ཏེ་མ་རིག་ནས།། ནོངས་པ་ཆེན་པོ་སྨྲས་པའི་ཚིག་དེ་རྣམས།། ཐུགས་རྗེ་ཆེན་པོའི་སྐུལ་བཟོད
291a5 པབ་གསོལ།། བདག་ཀྱང་རབ་ཏུ་འབྱུང་བར་ཅི་ག་ནང་ལགས།། ཞེས་ཞུས་པས། རབ་ཏུ་འབྱུང་བར་གནང་ནས་སྐྲ་དང་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་གྱོན་ནས་རྒྱལ་བུའི་གཡས
291a6 བྲལ་དུ་གནང་བར་གྱུར་ཏོ།། དེའི་ཚེ་འབངས་རྣམས་ཀྱིས་བསམ་པ་ལས་རྒྱལ་ཁམས་གཉིས་ཀྱི་རྒྱལ་པོ་རབ་ཏུ་བྱུང་བ་ལས་བསམས་ན། དམ་པའི་ཆོས་བྱ་བ་འདི་བཟང་བར་ཡིད་ཆེས
291a7 ནས། བདག་ཅག་ཀྱང་རབ་ཏུ་འབྱུང་བར་ཅི་གནང་ཞེས་ཞུས་པས་རབ་ཏུ་འབྱུང་བར་གནང་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས། གོས་ངུར་སྨྲིག་གྱོན་ནས། རྒྱལ་བུའི་གཡོན་གྲལ




iiif viewer powered by OpenSeadragon

290b - 291b

Texts on this page

Ty046-016 - 'phags pa rgyal bu kun tu dge zhes bya ba theg pa chen po'i mdo