e-texts navigator
Collection
Volume
Page
Wylie

290b1 པོ་འཁོར་མངས་ལོངས་སྤྱོད་སྒྱུ་མ་ཐོག་ཚང་འདྲ།། ཅི་བེར་ཚེམས་ཅན་དག་གི་བརྗིད་མཐོང་ན།། དར་བེར་ཀླུབས་པ་སྒྱུ་མའི་འཇའ་ཚོན་འདྲ།། བརྟན་པོ་དཀའ་ཐུབ་ཚེ་མཐར
290b2 གཏུགས་མཐོང་ན།། སྲོག་ལུས་ཡལ་བར་འདོར་བ་སྨྱོན་པ་འདྲ།། སྐྱོན་སེལ་མགོ་མང་འདུལ་བའི་རླབས་མཐོང་ན།། གཞའ་ཚོན་འདྲ་བྱེད་བྱིས་པའི་རྩེད་མོ་འདྲུ།། ཀྱེ་རྒྱལ
290b3 པོ་ཆེན་པོ་དེ་ཡང་སྙན་གསོན་ཅིག། ཁྱིམ་གྱི་སོ་ནམ་བྱེ་བ་ལ།། བྱ་བྲག་ཆད་པ་གཉིས་ཡོད་དེ།། སྔ་མ་བསམས་པ་སྡུག་བསྔལ་ཡིན།། ཕྱེ་མ་བསམས་པ་ཤ་ཟང་ངོ་།། འཇིག
290b4 རྟེན་འདི་ནི་ཆེ་བཙར་ཕྱུགས་དྲེགས་ཀྱང་།། འཆི་བདག་དབང་དུ་མ་གྱུར་གང་ཡང་མེད།། ཚེ་འདི་སྲིད་ལ་ཞེ་དོན་རྒྱ་ཆེ་ཡང་།། ཡུན་གྱི་ཆོས་འདོད་རྒྱལ་སྲིད་མ་ཤེས་ན།། སྐྲ་དཀར
290b5 སྐྱེས་ཤིང་གཉེར་མའི་ཚོགས་འདུས་ཀྱང་།། བྱིས་པ་ཤེད་མ་བྱེ་དང་ཅི་མ་འདྲ།། དོན་མ་མཁས་པས་བརྟགས་པས་སེམས་ཅན་སྙིང་རེ་རྗེ།། ཀྱེ་རྒྱལ་པོ་ལགས་ད་ཡང་སྙན་གསོན་ཅིག།
290b6 སྐྱོན་རྣམས་སྒྱུ་མར་རྟོགས་པས་དགྲ་ལ་ཞེ་མི་སྡང་།། ཡོན་ཏན་སྒྱུ་མར་བཤད་པས་གཉེན་ལ་དང་མི་ཆགས།། གནས་སུ་ངེས་པ་མེད་པས་སྤྲུགས་པས་ཉམ་མིང་།། སེམས་ལ་སྐྱེ
290b7 ཤི་མེད་པས་བསད་པས་འཇིགས་པ་མེད།། ནོར་དུ་ངེས་པ་མེད་པས་དབྲོག་པས་ཉམ་མིང་།། དཔལ་གྱི་རི་ལ་སྲིད་ཀྱི་ཆུ་དྲུག་ཀྱང་།། འགྲོགས་པའི་གྲོགས་པོ་བླ་མེད་བྱ་ཆུབ




iiif viewer powered by OpenSeadragon

290a - 291a

Texts on this page

Ty046-016 - 'phags pa rgyal bu kun tu dge zhes bya ba theg pa chen po'i mdo