e-texts navigator
Collection
Volume
Page
Wylie

290a1 སྐུ་ན་ཚོད་དེ་ཙམ་ལ་གཞོན་པ་རྣམས་ལའང་མི་གཟིགས་སམ་ཁྱིམ་བཟངས་དཔལ་དང་འདྲ་བ་བོར་ནས་ནི།། རི་དགས་བཞིན་དུ་ནགས་ཚལ་དབེན་པར
290a2 འཁྱམས།། མཐོ་བཙུན་རྒྱལ་པོའི་ལུས་བོར་ནས་དབུལ་པོའི་ལུས་ཀྱང་ཉེ་བར་བླངས།། ངན་པའི་གོས་གྱོན་སྐྱེ་བོ་ཡོངས་ཀྱིས་འཕྱས།། ལོང་སྤང་བཞིན་དུ་གྲོང་ཁྱེར་སློངས་མོས་འདེབས།
290a3 དུས་འདིར་ཁྱོད་ཀྱི་གནས་སྐབས་འདི་ལ་ནི།། བལྟས་ནས་དགྲ་ཡི་མིག་ཀྱང་མཆི་མས་ཁེངས་པར་འགྱུར།། ཡང་ན་སྨྱོས་སམ་བགེགས་ཀྱིས་བསླུས་པར་ངེས།། དེ་ལྟ་མྱ་ངན་དབང་དུ་མ
290a4 གྱུར་པར།། རྒྱལ་སྲིད་པ་ཞེས་ལ་འབྲངས་རྣམས་སྐྱོང་དུ་གསོལ།། རྒྱལ་པོ་ཡབ་ཀྱི་བཀའ་ཡང་དེ་ལགས་ཏོ།། འབངས་རྣམས་ཀུན་ཀྱང་དེ་བཞིན་སྤྱན་སྔར་མཆིའོ།། དེ་སྐད
290a5 ཅེས་སྨྲས་པ་དང་། རྒྱལ་བུས་སླར་གསོལ་པ། ཀྱེ་རྒྱལ་པོ་ལགས། དཔེར་ན་མི་ལྟོ་འགྲངས་པ་ལ་ཁ་ཟས་ཀྱི་གཏམ་ཟེར་བ་ཡི་གར་མི་འོང་བ་དང་འདྲ་བར། བདག་དད་པ
290a6 སྐྱེས་ནས་རབ་ཏུ་བྱུང་བ་ལ། སླར་ཟློག་པའི་གྲོས་ངན་པ་འདེབས་པ་འདི་ནི་ཐི་བུར་ཡང་མུ་ལེགས་སོ་སྙམ་ནས་ཡང་ཞུས་པ། ཀྱེ་རྒྱལ་པོ་ལགས་ཁྱོད་ཀྱིས་སྨྲས་པའི་ཆོག
290a7 དེ་རྣམས། བྱམས་ཏེ་སྨྲས་པར་ཡིན་ཤེས་ཀྱང་།། བདག་གི་དོན་བརྟན་པོ་དཀའ་ཐུབ་ཚེ་མཐར་དང་ཤིན་ཏུ་འགལ།། ནགས་ཚལ་དབེན་པ་གཅིག་པུའི་བརྗིད་མཐོང་ན།། རྒྱལ




iiif viewer powered by OpenSeadragon

289b - 290b

Texts on this page

Ty046-016 - 'phags pa rgyal bu kun tu dge zhes bya ba theg pa chen po'i mdo