| | e-texts navigator
|
289b1 ཙམ་དུ་འདྲ་མོད་ཀྱང་།། དེ་གཉིས་ཁྱད་པར་བསམ་ཡས་ཏེ། མཚོ་དང་གླང་རྗེས་སྙོམས་པ་འདྲ།། རབ་ཏུ་བྱུང་ནས་ལོག་པ་དང་།། ལོག་པར་ལྟ་བའི་སྡིག་མཐོང་ན།། ཤིན་ཏུ་འཇིགས།
289b2 ཤིང་སྐྱེ་གཡར་རུང་།། གཉིས་ཀ་ཕུང་བྱེད་མ་སྨྲ་བར། བློན་པོ་རྣམས་ཀྱང་ཕྱིར་ལ་དེང་།། དེ་སྐད་ཅེས་གསོལ་པ་དང་། བློན་པོ་རྣམས་ཀྱིས་བསམ་པ་ལ་ལྷ་སྲས་ཆོས་ལ
289b3 བཁྲེགས་པའི་སྟེང་དུ་ངོ་སྐོལ་འབངས་སུ་གྱུར་པས། ཚིག་གསན་དུ་མི་བཞེད་ན། ད་ཇི་ལྟར་བགྱི་ཞེས་བགྱིས་པ་དང་། སྔོན་ཡབ་ཀྱི་ཐུགས་གྲོགས་པོ། ཡུལ་བར་རྟ་ན་རྒྱལ་པོ
289b4 དགའ་བའི་འོད་ཅེས་བྱ་བ་ཡོད་དེ། དེས་རྒྱལ་བུ་རབ་ཏུ་བྱུང་བ་ལ་གྲོས་བཏབ་ན། རྒྱལ་སྲིད་འཛིན་དུ་བཏུབ་པར་ངེས་སོ་སྙམ་ནས། རྒྱལ་པོ་དགའ་བའི་འོད་ཀྱི་སྤྱན་སྔར་མཆིས་ཏེ་འདྲིན
289b5 བཏང་། ཕྱག་བགྱིས་ཞུས་གསོལ་པ་ཀྱེ་རྒྱལ་པོ་ལགས་བདག་ཅག་ཡུལ་དབུས་འགྱུར་ཚལ་གྱི་རྒྱལ་པོ་ཤིང་རྟ་བཅུ་པ་ནི་འདས། སྲས་རྒྱལ་བུ་ཀུན་ཏུ་དགེ་ནི་རབ་ཏུ་བྱུང་ནས།
289b6 རྒྱལ་ས་ནི་སྟེངས་འབངས་རྣམས་ནི་སིལ་བུར་གྱུར་ན། དེ་རྒྱལ་བུ་རབ་ཏུ་བྱུང་བ་ལས་སླར་ཕབ་སྟེ། རྒྱལ་སྲིང་འཛིན་དུ་མི་གཞུག་ཏུ་མི་རུང་། དེ་སྐད་ཅེས་གསོལ་པ་དང་། རྒྱལ་པོ་དགའ་བའི།
289b7 འོད་ཀྱང་ཐུགས་ལ་གཅུགས་ནས་འཁོར་བློན་པོ་དང་བཅས་ནས། རྒྱལ་བུ་རབ་ཏུ་བྱུང་བའི་སྤྱན་སྔར་མཆིས་ཏེ་འཕྲིན་བཏང་། ཕྱག་བགྱིས། ཞུས་གསོལ་པ། ཀྱེ་བཙུན་པ་ལགས
iiif viewer powered by OpenSeadragon
289a - 290a