e-texts navigator
Collection
Volume
Page
Wylie

289a1 འདས་ནས། འབངས་ཀྱིས་རྒྱལ་སྲིད་ལུགས་བཞིན་མ་ཕུལ་བ།། ཁྲི་ལ་མ་ཆོས་བཞིན་ཆད་པ་ནོད།། མེས་དང་ཡབ་ཀྱི་མཛད་ལུགས་བཞིན།། རྒྱལ
289a2 སྲིད་པ་ཞེས་ལ་འབངས་རྣམས་སྐྱོངས།། རྒྱལ་པོ་ཡབ་ཀྱི་བཀའ་ཡང་དེ་ལགས་ཏེ།། འབངས་རྣམས་ཀུན་ཀྱང་དེ་བཞིན་སྤུན་སྔར་མཆིའོ།། དེ་སྐད་ཅེས་ཞུས་པ་ལ། རྒྱལ་དུས་འདི
289a3 སྐད་ཅེས་གསོལ་ཏོ།། བདག་ནི་འདི་ལྟར་ཡང་རྒྱལ་པོ་མ་འདས་པ་ནས་རབ་ཏུ་འབྱུང་བར་དམ་བཅས་པ་ལགས་ད་ནི་སླར་ལྡོག་པར་མི་ནུས་སོ།། བདག་གིས་བདུད་རྣམས་བཅོམ་ནས་ནི།།
289a4 བཞན་གྱི་སྡུག་བསྔལ་བསལ་བའི་ཕྱིར།། ཡིད་དམ་ཆེན་པོར་བཅས་པ་ཡིན།། སླར་ཡང་ལྡོག་པར་མི་ནུས་ཀྱིས།། བློན་པོ་ཁྱེད་རྣམས་ཀྱི་ནང་ནས་གང་མཛངས་ཤིང་དྲང་བ་གཅིག་གིས་རྒྱལ
289a5 སྲིད་ཟུང་ཞིག་ཅེས་གསོལ་པ་དང་། བློན་པོ་རྣམས་ཀྱིས་སླར་གསོལ་བ། འབངས་ཀྱིས་རྒྱལ་སྲིད་འཛིན་པ་ནི།། སྔོན་ཆད་མེད་སྲིད་དབྱུང་བས།། ལུགས་མེད་མའོས་སུ་མི་རུང་བས།། གཞན་དུ
289a6 སྦས་ན་ངོ་ཚར་རུང་།། ཞེས་ཞུས་པས། ཡང་རྒྱལ་བུས་གསོལ་པ། ཁོང་ནས་ཐང་ལ་བོར་ཟིན་པའི།། མཆིལ་མའི་ཐལ་བར་གྱུར་པ་དེ།། སླར་ལ་བླངས་ནས་འཐུང་བྱེད་པ།། དབཟླ
289a7 གཞན་ལ་ག་ན་ཡོད།། སྐད་ཅིག་སྒྱུ་མའི་རྒྱལ་སྲིད་ནི།། མཆིལ་མཐང་ལ་བོར་བ་འདྲའོ།། ཕྱོགས་མཚམས་སྐྱོང་བར་བྱེད་པ་དང་།། རྒྱལ་ཁམས་སྐྱོང་བར་བྱེད་པ་གཉིས།། སྙིང་རྗེ




iiif viewer powered by OpenSeadragon

288b - 289b

Texts on this page

Ty046-016 - 'phags pa rgyal bu kun tu dge zhes bya ba theg pa chen po'i mdo