| | e-texts navigator
|
288b1 གནས་ཤིང་།། ཡོན་ཏན་རིན་ཆེན་མཛོད་དུ་འགྱུར།། མཐོང་ན་སྐྱེ་བོ་ཉམས་དགའ་ཏེ། ཐམས་ཅད་ཡིད་དང་ལྡན་གྱུར་ཏོ།། གཞོན་ནུ་རྣམས་ཀྱི་སློབ་དཔོན་དུ་གྱུར་པ་སྐྱེས་པའི།
288b2 ཚེན་ཡབ་རྒྱལ་པོ་ནི་སྐུན་སོའང་བཀྲེས་པའི་སྟེང་དུ་བསྲུན་དྲག་པོ་ཅིག་ཀྱང་བཏབ་སྟེ། འཇིག་རྟེན་མི་ཡུལ་འདི་རུ་ཡུན་རིང་པོ་གནས་གནས་མི་འདྲ་ངས་སྲས་ཀྱིས་ཡབ་ལ་དོན་དམ་པ
288b3 ཅིག་གདགས་ན་ཅིས་གདགས་སྙམ་པའི་རྗེས་ལ། རིང་པོར་མ་ལོན་པར་ཡབ་འདས་པར་གྱུར་ནས། འབྲངས་རྣམས་ཀྱིས་རྒྱལ་བུ་ལ་རྒྱལ་སྲིད་མ་ཕུལ་གྱི་སྐབས་སུ་རྒྱལ་བུ་རབ
288b4 ཏུ་བྱུང་སྟེ། ནགས་ཚལ་དབེན་པར་དྲང་སྲོང་གི་སྤྱོད་པ་ལ་ཞུགས་ཏེ། ཚངས་པ་ཚུལ་བཞིན་དུ་སྤྱོད་དོ།། རེ་ཞིག་ན་འབངས་རྣམས་ཀྱིས་རྒྱ་དུལ་རྒྱལ་སྲིད་དབུལ་བར་བཤམས་པ་ལས
288b5 རྒྱལ་བུ་རབ་ཏུ་བྱུང་བ་མཐོང་ནས། རྒྱལ་ཁམས་ཀྱི་མི་ཡུལ་ཡོངས་སུ་མ་ཧེ་བེའུ་སོར་བ་འམ། ཧཐང་ལ་ལྷུང་བ་བཞིན་འགྲེ་ལྡོག་ཅིང་སྨྲེ་སྔགས་ཀྱི་ཚིག་ལས་ཀྱེ་མའོ།། ལུས
288b6 སྲོག་སྐྱོང་བའི་རྒྱལ་པོ་ཡབ་འདས་ནས་འབངས་རྣམས་ཀྱང་མྱ་ངན་གདུངས་པས་ནོན།། ད་ནི་སྲས་ཀྱང་རབ་ཏུ་བྱུང་ནས་ནི།། འཇིག་རྟེན་འདི་རུ་གྱི་ནུབ་མུན་གྱིས་བསྒྲུབས
288b7 ཀྱི་ཧུད་ཀྱི་ཧུད་ཅེས་སྨྲེ་སྔགས་འདོན་པའི་ཚིག་ལས། རིང་པོ་མ་ལོན་པར་འབངས་རྣམས་ཀྱིས་རྒྱལ་བུ་ལ་ཡང་ཞུས་པ། ཀྱེ་རྒྱལ་པོ་ལགས། ལུས་སྲོག་སྐྱོང་བའི་རྒྱལ་པོ་ཡང
iiif viewer powered by OpenSeadragon
288a - 289a