e-texts navigator
Collection
Volume
Page
Wylie

265b1 དེང་ཁྱོད་ཀྱིས་ལེགས་པར་ཞུ་བ་ཞུས་པ་ཤིན་ཏུ་ལེགས་སོ།། རིགས་ཀྱི་བུ་དགེ་སློང་ངམ། དགེ་སློང་མ་འམ། རྒྱལ་པོའི་བུ་འམ། རྒྱལ་ཕྲན་ནམ། ཐོན་པོ་རྣམས་སམ།
265b2 དམངས་ཀྱང་རུང་སྟེ། གང་སྲི་ཞུ་སྤྱོད་ཅིང་སྙིང་བརྩེ་བ་དང་བཅས་པ་དེ་དག་གིས་ཀྱང་། ད་ལྟར་གྱི་ཕ་མ་དང་། རབས་བདུད་ཚུན་ཆད་ཀྱི་ཕ་མའི་ཆེད་དུ་སོམ་ཟླ་ར་བ་ཉ་ལ། དེ་བཞིན
265b3 གཤེགས་པ་རྣམས་དགྱེས་ཤིང་། དགེ་འདུན་དགག་དབྱེ་བྱེད་པའི་ཚེ་རོ་བརྒྱ་དང་ལྡན་པའི་ཟས་རྣམས་སྣོད་དུ་བཀང་སྟེ། ཕྱོགས་བཅུའི་དགེ་འདུན་དགག་དབྱེ་བྱེད་པའི་མཆོད་ནས། ད་ལྟར་གྱི
265b4 ཕ་མ་ལོ་བརྒྱའི་བར་དུ་ན་པ་མེད་ཅིང་སྡུག་བསྔལ་གྱི་མི་བདེ་བ་རྣམས་མེད་པ་དང་། རབས་བདུན་ཚུན་ཆད་ཀྱི་ཕ་མ་ཡང་ཡི་དགས་ལྟོགས་པའི་སྡུག་བསྔལ་དང་བྲལ་ཏེ། ལྷ་དང་མིའི་ནང་དུ་སྐྱེས
265b5 ནས། བསོད་ནམས་ཀྱི་བདེ་བ་ཐུག་པ་མེད་པ་མྱོང་བར་སྨོན་ལམ་གདབ་པར་བྱའོ།། སངས་རྒྱས་ཀྱི་ཉན་ཐོས་གང་སྲི་ཞུ་བསྒྲུབ་པ། ད་ལྟར་གྱི་ཕ་མ་དང་། རབས་བདུན་ཚུན་ཆད་ཀྱི་ཕ་མ་རྟག
265b6 ཏུ་རྗེས་སུ་དྲན་པ་དེ་དག་གིས་ཀྱང་། ལོ་རེ་བཞིན་དུ་སྟོན་ཟླ་ར་བ་ཉ་ལ་རྟག་པར་སྲི་ཞུ་དང་། སྙིང་བརྩེ་བས་ད་ལྟར་གྱི་ཕ་མ་དང་། རབས་བདུན་ཚུན་ཆད་ཀྱི་ཕ་མའི་ཆེད་དུ། ཡོངས་སུ
265b7 སྐྱོབ་པའི་སྣོད་བཤམས་ཏེ། དེ་བཞིན་གཤེགས་པ་དང་དགེ་འདུན་མཆོད་ནས། ཕ་མའི་སྙིང་བརྩེ་བའི་བྱམས་པས་རྙེད་པའི་དྲིན་བསབ་པར་བྱའོ།། དེ་བཞིན་གཤེགས་པའི་ཉན་ཐོས




iiif viewer powered by OpenSeadragon

265a - 266a

Texts on this page

Ty046-014 - 'phags pa yongs su skyob pa'i snod ces bya ba'i mdo