| | e-texts navigator
|
265a1 ཀྱི་མ་ལོན་བདག་གི་ཁྱིམ་དུ་རབས་བདུན་གྱི་བ་མའི་ཆེད་དུ་སྨོན་ལས་བཏ་སྟེ། བསམ་གཏན་ནོམ་པའི་བསམ་པ་མེད་ལ་བྱས་ནས། དེའི་འོག་ཏུ་ཟས་ཐང་བར་བྱའོ།།
265a2 ཟས་དང་པོ་ལེན་པའི་ཚེ། སྔར་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་མདུན་དུ་བཞག་སྟེ། དགེ་འདུན་གྱིས་སྨོན་ལམ་བཏབ་ཟིན་ནས་བདག་ཉིད་ཟས་ཐུང་བར་བྱའོ་ཞེས་བཀའ་སྩལ
265a3 པ་དང་། དེའི་ཚེ་དགེ་སློང་མོའུ་འགལ་གྱི་བུ་དང་དགེ་འདུན་མང་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་རྣམས་རབ་ཏུ་དགའ་ཞིང་དགེ་སློང་མོའུ་འགལ་གྱི་བུ་ཡོངས་སུ།
265a4 གདུང་བས་ངུ་བའི་སྒྲ་ཡང་ཞི་བར་གྱུར་ཏོ།། དེའི་ཚེ་མོའུ་འགལ་གྱི་བུའི་མ་ཡང་བསྐལ་པ་གཅིག་གི་བར་དུ་ཡི་དགས་ལྟོགས་པའི་སྡུག་བསྔལ་མྱོང་བ་ལས་ཐར་པར་གྱུར་ཏོ།། བཅོམ་ལྡན།
265a5 འདས་ལ། མོའུ་འགལ་གྱི་བུས་ཡང་འདི་སྐད་ཅེས་གསོལ་ཏོ།། བདག་བསྐྱེད་པའི་མ་ཡིན་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་མཐུ་དང་། དགེ་འདུན་གྱི་མཐུ་བྱིན་གྱི་རླབས་ཀྱི
265a6 སྟོབས་ཀྱིས་དེར་ཐར་ཏེ། སླད་མའི་ཚེ་དུས་ཀྱི་སངས་རྒྱས་ཀྱི་སློབ་མ་སྲི་ཞུ་སྤྱོད་པས་ཐམས་ཅད་དང་། སྲི་ཞུ་དང་བཅས་པསུའང་རུང་བ་དེ་དག་ཀྱང་། ད་ལྟར་གྱི་ཕ་མ་དང་།། རབས་འདུན
265a7 ཀྱི་ཕ་མ་ཡོངས་སུ་སྐྱོབ་པའི་སླད་དུ་ཡོངས་སུ་སྐྱོབ་པའི་སྣོད་ཀྱིས་མཆོད་པར་བགྱིད་རུང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ངས་ཡང་དག་པར་བཤད་པར་བྱ་བ་ལྔ།
iiif viewer powered by OpenSeadragon
264b - 265b