| | e-texts navigator
|
264b1 གྱི་སྒྲོན་མ་དང་། མལ་ཆ་དང་། འཇིག་རྟེན་པའི་ཟས་མང་ཞིང་ནིམ་པ་ཇི་སྙེད་པ་དག་སློང་བཀང་སྡེ། ཕྱོགས་བཅུའི་དགེ་འདུན་ཡོན་ཏན་ཆེན་པོ་དང་ལྡན་པ་རྣམས་མཆོད་ཅིག་དང་། དེའི་བྱིན
264b2 པར་འཕགས་པའི་དགེ་འདུན་དྲུག་ཕུག་ན་བསམ་གཏན་ལ་མཉམ་པར་གཞག་ན། འབྲས་བུ་བཞི་ཐོབ་པ་དང་། ནགས་ཚལ་དག་ན་འཆག་བདུང་། མངོན་པར་ཤེས་པ་དྲུག་ལ་དབང་ཐོབ
264b3 པས་དོན་བྱེད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། ས་བཅུའི་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོ་ཐབས་ཀྱིས་དགེ་སློང་ལྟ་བུར་སྟོན་པ་དག་འཁོར་མང་པོ་དེར་འདུས
264b4 ཏེ། སེམས་རྩེ་གཅིག་ཏུ་དགག་དབྱེའི་ཟས་བླངས་ཏེ། ཚུལ་ཁྲིམས་ཡོངས་སུ་དག་པ་ཕུན་སུམ་ཚོགས་པར་བྱེད་པར་འགྱུར་ཏེ། འཕགས་པའི་དགེ་འདུན་གྱི་ལམ་གྱིས་ནི་དེ་ལྟ་བུ་ཡིན་པས།
264b5 གང་གིས་དགག་དབྱེ་བྱེད་པའི་དགེ་འདུན་འདི་ལྟ་བུ་ཞིག་དེ་དག་ལ་མཆོད་པ་བྱེད་ན་ད་ལུར་གྱི་ཕ་མ་དང་། ཉེས་པར་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ངེས་པར་འབྱུང་ཞིང་རྣམ་པར་གྲོལ
264b6 ནས། གོས་ཟས་དང་ལྡན་པར་འགྱུར་རོ།། ད་ལྟར་གྱི་ཕ་མ་གང་ཡིན་པ་དེ་དག་ནི་བསོད་ནམས་ཀྱིས་ལོ་བརྒྱའི་བར་དུ་བདེ་བར་གནས་པར་འགྱུར་རོ།། རབས་བདུན་གྱི་ཕ་མ་གང་ཡིན་པ་དེ་དག་ནི།།
264b7 ཇི་ལྟར་འདོད་བཞིན་དུ་ལྷའི་གནས་སུ་སྐྱེ་བར་འགྱུར་བས། ལྷའི་མེ་ཏོག་འོད་ཅན་དུ་རྫུས་ཏེ་སྐྱེ་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱོག་བཅུའི་གི་འདུན་རྣམས་ལ། དགེ་འདུན་ཐམས་ཅན
iiif viewer powered by OpenSeadragon
264a - 265a