| | e-texts navigator
|
264a1 བུ་ཡོངས་སུ་གདུང་བས་དུས་ཏེ། ལྷུང་བཟེད་ཟས་ཀྱིས་བཀང་སེ་མའི་དྲུང་དུ་སོང་ངོ་།། དེའི་མ་ལྷུང་བཟེད་ཀྱི་ཟས་ཐོབ་པ། ལག་པ་གཡོན་པས་ནི་ཟས་གཡོགས། 2།
264a2 པ་གཡས་ན་ཟས་བླངས་ཏེ། བཟའ་བུར་བྱ་བ་ལས། ཟས་ཁར་མ་ཕྱིན་པར་མེ་ལྕེ་འབར་བར་གྱུར་པས་ཟས་ཐོབ་པར་མ་གྱུར་ཏོ།། མོའུ་འགལ་གྱི་བུ་ཡོངས་སུ་གདུང་བས་ངུས་ཏེ། མྱུར་དུ་སླར་ལོག
264a3 ནས་དོར་འདི་ཞིབ་ཏུ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་མའི་སྡིག་པའི་རྩ་བ་ཤིན་ཏུ་ཟབ་ཅིང་། མདུད་པར་གྱུར། ཁྱོད་གཅིག་པུའི་མཐུའི
264a4 སྟོབས་ཀྱིས་ཅི་བྱར་ཡང་མེད་ལ། ཁྱོད་སྲི་ནུ་སྨེ་བས། གནམས་འགུལ་ཀྱང་། གནམ་གྱི་ལྷ་དང་། སའི་ལྷ་དང་། བདུད་དང་མུ་སྟེགས་ཅན་ལམ་ལ་གནས་པའི་སྐྱེས་བུ་དང་། རྒྱལ་ཆེ
264a5 བཞིའི་ལྷ་དག་གིས་ཀྱང་ཅི་བྱར་མེད་པས། ཕྱོགས་བཅུའི་དགེ་འདུན་གྱི་མཐུ་སྟོབས་ཀྱིས་གདོད་དེ་གྲོལ་བར་འགྱུར་ཏེ། ངས་དེ་འདིར་ཡོངས་སུ་སྐྱོབ་པའི་ཆོས་བསྟན་པ་ཉིད་ཀྱིས་བགེགས་ཐམས་ཅད
264a6 སྤོང་ཞིང་སྡུག་བསྔལ་གྱི་ཕུང་པོ་བཟློག་པར་བྱའོ།། བཅོམ་ལྡན་འདས་ཀྱིས། མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། ཕྱོགས་བཅུའི་དགེ་འདུན་སྟོན་ཟླ་ར་བའི་ཉལ་དགག་དབྱེ་བྱེད་པའི་ཚེ། རབས
264a7 བདུན་ཚུན་ཅད་ཀྱི་ལ་མ་དང་། ད་ལྟར་གྱི་ལ་མ་བགེགས་ཀྱི་གནས་དང་། གནས་པ་དག་གི་ཕྱིར། རོ་བརྒྱ་དང་ལྡན་པའི་ཟས་དང་། འབྲས་བུ་ལྔ་དང་། སྣོད་ཡོངས་སུ་བཀང་བ་དང་། སྤོས་མར
iiif viewer powered by OpenSeadragon
263b - 264b