| | e-texts navigator
|
261b1 མིའི་ལོ་ལྔར་བརྩིས་ན་ལོ་འབུམ་ཕྲག་དྲུག་ཅུ་དང་དྲུག་ཀྲིའོ།། བཅོམ་ལྡན་འདས་ཀྱིས། མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། གལ་ཏེ་ངོ་ཚ་དང་ཁྲེལ་མེད་པས་སངས་རྒྱས་ཀྱི་བཀར་རླུང་དྲུགསོང་།།
261b2 དགེ་འདུན་ལྷག་མ་ལས་ཉམས་ན། འཕྲུལ་དགའི་ལྷའི་ཚེའི་ཚན་ལོ་བརྒྱད་སོང་གི་བར་སེམས་ཅན་དབྱལ་བར་ལྟུང་སྟེ། དེ་ལ་མིའི་ལོ་ལྟར་བརྩིས་ན་ལོ་འབུམ་དྲག་ཉིས་བརྒྱ་སུམ་ཅུ་དང་བཞི་ཁྲིའོ།། བཅོམ
261b3 ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ལ་བཀའ་སྩལ་པ། གལ་ཏེ་ངོ་ཚ་དང་ཁྲེལ་མེད་པས་སངས་རྒྱས་ཀྱི་བཀའ་ཁྱད་དུ་བསད་ཅིང་ཕས་ཕམ་པ་ལས་ཉམས་ན། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ཚེ་ཆད་པོ།།
261b4 ཁྲི་དྲུག་སྟོང་གི་བར་དུ་སེམས་ཅན་དམྱལ་བར་ལྷུང་སྟེ། དེ་ལ་མིའི་ལོ་ལྟར་བརྩིས་ན་ལོ་འབུམ་ཕྲག་དགུ་བརྒྱ་ཉི་ཤུ་རྩ་གཅིག་དང་དགུ་ཁྲིའོ།། མོའུ་འགལ་གྱི་བུས་བཅོམ་ལྡན་འདས་ཀྱིས་གསུངས་པ
261b5 ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། དེ་ནས་མོའུ་འགལ་གྱི་བུས་ཚིགས་སུ་བཅད་དེ་སྨྲས་པ། ཁྱད་དུ་གསོད་པའི་རྒྱུ་རྐྱེན་གྱིས། ཚེ་ཡི་དུས་བྱས་ངན་འགྲོར་ལྷུང་།། དགེ་སྤྱད་པ་ཡི་རྒྱུ་རྐྱེན
261b6 གྱིས་། དེ་ནས་མཐོ་རིས་ལྷར་སྐྱེའོ།། དགེ་བའི་ལས་ཀྱི་རྒྱུན་ལས་ལྡོག་པར་འགྱུར་ཏེ། ཞི་མཆོག་མྱ་ངན་འདས་པ་འཐོབ།། གང་ཞིག་བསོད་ནམས་བྱེད་པ་ནི།། ལྷ་རྣམས་ཡོངས
261b7 སུ་སྐྱོང་བ་དང་།། བསམ་པ་མྱུར་དུ་འགྲུབ་འགྱུར་ཏེ།། བདུད་ཀྱིས་ཀླགས་སྐབས་མི་རྙེད་དོ།། འཕགས་པ་ཚུལ་ཁྲིམས་ཉམས་པའི་རྣམ་པར་སྨིན་པའི་ལྕི་ཡང་བསྟན་པའི་མདོ
iiif viewer powered by OpenSeadragon
261a - 262a