| | e-texts navigator
|
157b1 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་པ་དཔག་ཏུ་མེད་པ་ཚུལ་ཁྲིམས་དཔག་ཏུ་མེད་པ། བཟོད་པ་དཔག་ཏུ་མེད་པ་བརྩོན་འགྲུས
157b2 དཔག་ཏུ་མེད་པ། བསམ་གཏན་དཔག་ཏུ་མེད་པ་ཤེས་རབ་དཔག་ཏུ་མེད་པ་བྱམས་པ་ནས། བཏང་སྙོམས་ཀྱི་བར་དུ་དཔག་ཏུ་མེད་དེ་ཀུན་དགའ་བོ་དེ་བཞིན
157b3 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང
157b4 ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ནས་མངོན་པར་བསྟོད་དོ།། ཁང་དུ་བརྩེགས་པའི་མདོ་རྫོགས་སོ།།
157b5 རྒྱ་གར་སྐད་དུཔྲ་ས་ན་ཛིད་གཱ་ཐཱ། བོད་སྐད་དུ་གསལ་རྒྱལ་གྱི་ཚིགས་སུ་བཅད་པ་དཀོན་མཆོག
157b6 གསུམ་ལ་ཕྱག་འཚལ་ལོ།། རྒྱལ་པོ་གསལ་རྒྱལ་གདུགས་དང་བཅོད་པན་དང་།། ཛ་ལ་བ་རལ་གྲི་ནིར་བུ་ལྷམ་བཞག་སྟེ།། ཐལ་མོ་སྦྱར་ཅིང་ལེགས་པར་ཕྱག་འཚལ་ནས།
157b7 འཇིག་རྟེན་མགོན་པོ་ལ་ནི་ཞུ་བ་ཞུས།། ཕན་པར་དགོངས་པ་ཐུགས་རྗེའི་བདག་ཉིད་ཅན།། དེ་བཞིན་གཤེགས་རྣམས་མྱ་ངན་འདས་པ་ན།། མཆོད་པ་བགྱིས་པས་རྔོ་མཆོག
iiif viewer powered by OpenSeadragon
157a - 158a