e-texts navigator
Collection
Volume
Page
Wylie

361a1 མཆོག་ཏུ་ཕྲ་ཞིང་དཀོན་པ་སྟེ།། གཞན་དུ་གྱུར་པའི་ཚུལ་གྱི་མཆོག། རྟོག་པ་ཅན་གྱི་ཡུལ་མ་ཡིན།། རྣམ་པར་ཤེས་པ་བརྒྱད་ཀྱི་སུལ།། རང་བཞིན་རྣམས་ལ་ཁྱད་པར་བྱེད།། བདག་མེད།
361a2 ཉིད་ནི་ལྔ་པོ་ཡི།། དེ་བཞིན་ཁྱད་པར་བྱེད་པས་ན།། བག་ཆགས་སྤྲོས་པས་འཕངས་པ་དེ།། ཡུན་རིང་གནས་ངན་ལེན་པ་དང་།། སེམས་དང་སེམས་ལས་བྱུང་ལྡན་ཞིང་།། རྣམ་ཤེས་རྣམས་ལས་རབ་ཏུ་བྱུང་།། ལྷ་རྫས་ཚུལ
361a3 འདི་མཐོང་བ་དང་།། གསེར་བཞིན་རྣམ་པར་བྱུང་བར་འགྱུར།། རྣམ་དག་རིགས་ལ་གནས་པ་དག། སངས་རྒྱས་རིགས་སུ་དེ་དག་འགྱུར།། དེ་བཞིན་གཤེགས་པའི་ལྷ་རྫས་རིགས།། མུར་འདུག་ཉན་ཐོས་རྣམ་སྤངས
361a4 པ་ཐོབ་ནས་སངས་རྒྱས་ཞིང་གི་མཆོག། སྟུག་པོ་དེ་བཞིན་འདོང་བར་འགྱུར།། ཏིང་འཛིན་འདི་ཡི་ཡུལ་ནི་གང་།། ཏིང་འཛིན་འདི་ཡི་མིང་ཡང་ཅི།། རྡོ་རྗེ་སྙིང་པོས་གང་ཐོབ་ཕྱིར།། ཚུལ་དགེ་འདི་ནི་སྟོན་པར་གྱུར།། རྡོ་རྗེའི
361a5 སྙིང་པོའི་རྐང་གཉིས་ལ།། ཐུབ་པ་རྣམས་ཀྱིས་ཕྱག་བྱས་ནས།། རྡོ་རྗེ་སྙིང་པོ་འཇིགས་མེད་ཀྱི།། རྡོ་རྗེའི་བློ་ལ་བཤད་པར་མཛོད།། ཏིང་འཛིན་ཡུན་ནི་གང་ཞིག་ཡིན།། ཏིང་འཛིན་འདི་ཡི་མིང་ཡང་ཅི།། གང་ལ་གནས
361a6 ཤིང་ཚུལ་འདི་ཡང་།། རྒྱལ་སྲས་ཁྱོད་ནི་བཤད་པ་མཛོད།། རྒྱལ་བའི་སྲས་རྣམས་ཉན་པར་འདོང་།། དབང་སྦྱར་བདག་ཀྱང་དེ་བཞིན་ནོ།། རྡོ་རྗེ་སྙིང་པོ་འཇིགས་མེད་ཀྱིས།། འཁོར་དུ་འདུས་པ་ཐམས་ཅད་དང་།
361a7 ཚུལ་འདི་བསམ་གྱིས་མི་ཁྱབ་དང་།། རྒྱལ་བའི་སྲས་ཀྱི་མཐུ་སྟོབས་དང་།། རྡོལ་འཛིན་པའི་མཐུ་ཀུན་དང་།། ནུས་སམ་མི་ནུས་ཞེས་བལྟས་ནས།། ཟོ་འཛིན་མཐུ་ལྡན་མཐོང་བ་དང་། རྒྱལ་སྲས་ཐམས་ཅད།




iiif viewer powered by OpenSeadragon

360b - 361b

Texts on this page

Ty044-005 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo