e-texts navigator
Collection
Volume
Page
Wylie

360b1 ཡིན།། ཐབ་སྲས་རྡོ་རྗེའི་སྙིང་པོ་ནི།། ཅི་ཡང་རྗོད་པར་མི་བྱེད་པར།། ཐམས་ཅད་ཡན་ལག་མཚན་ཉིད་སླ།། ཡན་ལག་རྣམས་ལས་མངོན་པར་འབྱུང་།། སྨིན་མང་པྲལ་བའི་སྤྱི་བོ་དང་།། ཟག་པ་སྣ་རྩེ་བྱིན་པ་ལས།།
360b2 ཆོས་ཀྱི་ཚུལ་རྣམས་རབ་སྟོན་ཅིང་།། དགེ་བའི་སྒྲ་རྣམས་འབྱུང་བར་འགྱུར།། སྨོན་ལམ་ལེགས་ལས་བྱུང་བ་སྟེ།། ཐེ་མོའི་ངར་བའི་རྒྱལ་པོ་བཞིན།། རྒྱལ་བའི་སྲས་རྣམས་ཀུན་ནས་འདུག། དབང
360b3 སྐྱུར་ལོ་བྲང་བཟང་པོ་ན།། ཐམས་ཅད་གཟུགས་ཀྱི་རིན་ཆེན་བཞིན།། དཔའ་ཆེན་རྡོ་རྗེའི་སྙིང་པོ་དེ།། རྣམ་པར་མཛེས་ལ་ཀུན་ལྟའོ།། སྐར་མའི་དབང་པོ་སྐར་མ་ཡི།། གཟའ་ཡི་དབུས་ན་མཛེས་པ
360b4 བཞིན།། རྡོ་རྗེའི་སྙིང་པོ་རྣལ་འབྱོར་ཅན།། དམ་པའི་སྟན་ལ་རྣམ་པར་མཛེས།། ཇི་ལྟར་སྐར་མའི་དབང་པོ་དང་།། ཟླ་བའི་འོད་དུ་བྱེ་བྲག་མེད།། དེ་བཞིན་རྡོ་རྗེའི་སྙིང་པོ་དང་།། རྒྱལ་བ་རྣམས་སུ
360b5 ཁྱད་པར་མེད།། ཡང་དག་ཇི་བཞིན་དོན་མཐོང་བའི།། རྒྱལ་བའི་སྲས་པོ་སྟོབས་པོ་ཆེ།། རྣལ་འབྱོར་ཅན་དང་ཐུབ་པ་མཆོག། རྣལ་འབྱོར་པ་ཡི་ལམ་གནས་པ།། སྟན་ལས་ལེགས་པར་ལྡང་བྱས
360b6 ཤིང་།། རྒྱལ་སྲས་རྣམས་ལ་མངོན་བལྟས་ནས།། ཚིག་དགེ་རྣམ་པར་སྨྲས་པ་ནི།། ཀྱེ་མ་ཐེག་ཆེན་ཐེག་པ་ནི།། སངས་རྒྱས་སྤྱོད་ཡུལ་བསམ་མི་ཁྱབ།། དེ་ལ་གནས་ཤིང་རྒྱལ་སྲས་དང་།། རྒྱལ་བ
360b7 བསམ་གྱིས་མི་ཁྱབ་སྟོན།། བྱེ་བའི་ཞིང་བཞུགས་རྒྱལ་བ་དང་།། རྒྱལ་སྲས་དེ་དག་ཐམས་ཅད་ཀྱང་།། དྲི་མེད་བསམ་གྱིས་མི་ཁྱབ་ཆོས།། དགོངས་པས་ཕྱག་བྱ་འོས་པ་ཡིན།། ཐེག་པ་ཆེན་པོའི་ཚུལ་དགེ་ནི།།




iiif viewer powered by OpenSeadragon

360a - 361a

Texts on this page

Ty044-005 - 'phags pa rgyan stug po bkod pa zhes bya ba theg pa chen po'i mdo